བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་མཆོག་དང་མཇལ་འཕྲད་གནང་བ།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་དང་མཇལ་འཕྲད་གནང་སྐབས།

༄༅། ། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ཏུ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་ (Taiwanese Ambassador to Czech Republic Liang-Ruey Ke) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། ཁོར་ཡུག་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་པའི་སྐོར་ཞིབ་ཕྲ་འགྲེལ་བཤད་ཞུས་ཡོད་པ་མ་ཟད། ཐེ་ཝན་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཡང་ཞུས་གནང་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་དང་མཇལ་འཕྲད་གནང་སྐབས།

ཕྱི་ཚེས་ ༡༧ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༣༣ པའི་ཉིན་མོར་དེ་གའི་དྲན་རྟེན་རྡོ་རིང་ལ་མཇལ་དར་སྒྲོན་འབུལ་དང་། དེ་བཞིན་ཐོག་མར་མང་གཙོའི་ཡར་ལངས་ཀྱི་འདུ་འཛོམས་ས་གནས་སུ་དྲན་གསོའི་མེ་ཏོག་ཕུལ་བ་བཅས་ཀྱི་ཐོག་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་ཉིན་མོ་སྲུང་བཙི་ཞུས་ཡོད་པ་དང་།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ ཉིན་ཅེག་རྒྱལ་ས་པ་རག་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༣༣ པ་སྲུང་བརྩི་ཞུ་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་བ།

གཞན་ཡང་སྤྱི་འཐུས་རྣམ་པས་རྒྱ་ནག་ཐོག་ཞིབ་འཇུག་གནང་མཁན་གྱི་ཚོགས་པ་ (Sinopsis) ཞེས་པའི་གསར་ཁང་གིས་བཅར་འདྲིར་ལན་འདེབས་དང་། ཅེག་བོད་ཁང་ལ་གཟིགས་སྐོར་བཅས་ཕེབས་གནང་སྟེ། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ངོས་ནས་ཐེངས་འདིའི་ཉིན་གྲངས་དྲུག་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་བཅས། །

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ངོས་ནས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་སྐབས།
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐབས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་དང་མཇལ་འཕྲད་གནང་སྐབས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་ཅེག་རྒྱལ་ས་པ་རག་ (Prague) ཏུ་བོད་དོན་རྒྱབ་སྐྱོར་བ་ (Kateřina Bursikova Jacques, Czech SupportTibet) ལགས་དང་ལྷན།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ས་པ་རག་ (Prague) ཏུ་ཐེ་ཝན་གཞུང་ཚབ་ཆེན་མོ་ (Liang-Ruey Ke) མཆོག་དང་མཇལ་འཕྲད་གནང་སྐབས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཅེག་རྒྱལ་ས་པ་རག་ (Prague) ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པར་ (Tibet House) གཟིགས་སྐོར་ཕེབས་སྐབས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ ཉིན་ཅེག་རྒྱལ་ས་པ་རག་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༣༣ པ་སྲུང་བརྩི་ཞུ་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་སྐབས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ ཉིན་ཅེག་རྒྱལ་ས་པ་རག (Prague) ཏུ་རྟེན་གཞི་བྱས་པའི་རྒྱ་ནག་ཐོག་ཞིབ་འཇུག་གནང་མཁན་ཚོགས་པ་ (Sinopsis) ཞེས་པའི་གསར་འགོད་པའི་བཅར་འདྲིར་སྤྱི་འཐུས་རྣམ་པས་བོད་དོན་སྐོར་ལན་འདེབས་གནང་སྐབས།