བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་གཞུང་མང་ལ་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ལྷོ་ཕྱོགས་ཁུལ་དུ་ལས་འགུལ་དབུ་འཛུགས་གནང་ཡོད།

 

ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།

དེ་ཡང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཁག་ཅིག་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཛ་དྲག་གི་གནས་སྟངས་ཞུ་གཏུགས་ལས་འགུལ་སྤེལ་ཆེད་ཆ་བགོས་བྱས་པ་གཞིར་བཟུང་།  རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ནང་ལས་འགུལ་གྱི་སྣེ་འཁྲིད་གནང་མཁན་སྦེང་ལོར་ནས་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང་།  སྤྱི་འཐུས་བུ་མོ་ཚེ་རིང་མཆོག  ཧོན་སུར་ནས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག  སྦེལ་ཀོབ་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག  མོན་གྷོ་ནས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་བཅས།  མཉམ་འཛོམས་ཀྱིས་ལས་རིམ་འཆར་སྒྲིག་གཞིར་བཟུང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་ལྷོ་སྤྱི་ལས་ཁུངས་ནང་ཚང་འཛོམས་གནང་སྟེ།  སྔ་དྲོ་ཚོུད་ ༡༠ ཐོག་ལྷོ་སྤྱི་ཀརྨ་སེང་གེ་ལགས་དང་།  ལས་བྱེད་ཆོས་འཕེལ་ཐུབ་བསྟན་གཉིས་མཉམ་ཞུགས་ཐོག རྒྱུན་ལས་ནས་གནང་བའི་ཡིག་ཆ་ཁག་དང་མཉམ་དུ་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་འབོད་སྐུལ་ཞུ་ཡིག་དབྱིན་ཡིག་ཐོག་གཏན་འབེབས་གནང་སྟེ།  སྔ་དྲོ་ཚོུད་ ༡༡ ཐོག་མཉམ་འབྲེལ་དང་རང་བདེན་ཚོགས་ཆུང་།  སུད་ཚོང་།  བོད་ཁྱིམ།   སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ་བཅས་ཀྱི་འཐུས་ཚབ་དང་ལྷན་དུ། ཕྱི་ཚེས་ ༥ ཉིན་མི་མང་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གོ་བསྡུར་གྱིས།  འཐུས་མི་རྣམས་ལ་ཉིན་དེའི་ལས་འགུལ་གྱི་ལས་བགོས་དང་།  སྦེང་ལོར་གནས་སྡོད་མི་མང་དང་སློབ་ཕྲུག་གང་མང་མཉམ་འཛོམས་ཐོག  རྒྱ་གར་ཡུལ་མི་གང་མང་མང་མཉམ་ཞུགས་ཡོང་ཐབས་དང་།    མ་མཐར་བོད་མི་མི་རེ་ངོ་རེ་ནས་ཡུལ་མི་རེ་ལས་འགུལ་དུ་མཉམ་ཞུགས་ཐུབ་པར་འབད་བརྩོན་གནང་རྒྱུ་གནང་སྟེ།  ཉིན་རྒྱབ་ཆུ་ཚོད། ༢།༣༠  ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ B.P Bopiah མཆོག་དང་མཇལ་འཕྲད་དུ་བཅར་སྐབས། གྲོས་ཚོགས་ཀྱི་ཚོགས་དྲུང་དང་ལས་རོགས་ཁག་གཅིག་གིས་སྣེ་ལེན་གྱིས། གྲོས་ཚོགས་གོང་འོག་གི་གྲོས་ཁང་ནང་གཟིགས་སྐོར་དུ་འཁྲིད་གནང་གིས་ངོ་སྤྲོད་ཞིབ་རྒྱས་གནང་གྲུབ་མཚམས། ཚོགས་གཙོ་མཆོག་དང་མཇལ་འཕྲད་ཞུས།  ཚོགས་གཙོ་མཆོག་ནས་སྣེ་ལེན་གང་རྒྱས་གནང་བར་མ་ཟད།  བོད་ནང་གི་ཛ་དྲག་གི་གནས་སྟངས་གང་ཞུས་ལ་ཐུགས་སྣང་ཆེན་པོ་གནང་བ་དང་།     རྗེས་ཕྱོགས་གྲོས་ཚོགས་སྐབས་རྡ་སར་ཕེབས་འདོད་ཡོད་སྐོར་གསུངས་པ་དང་། ཕྱི་ཚེས་ ༥  ཉིན།  མི་མང་མཉམ་འཛོམས་སྐབས་གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་ཡིག་གནང་རྒྱུ་བཅས་ཀྱི་ཞལ་བཞེས་གནང་།   ཉིན་རྒྱབ་ཆུ་ཚོད། ༤ པར་སླར་ཡང་ལྷོ་སྤྱི་ལས་ཁུངས་སུ་འཛོམས་ཏེ།  མངའ་སྡེའི་སྲིད་སྐྱོང་དང་། མངའ་སྡེའི་བློན་ཆེན་གཉིས་ལ་མཇལ་འཕྲད་ཀྱི་ལས་རིམ་དང་། ཕྱི་ཚེས་ ༢  ཉིན། Bangalore Press Club དུ་གསར་འགོད་ལྷན་ཚོགས་བསྐྱང་རྒྱུ་སོགས་ཀྱི་ལས་རིམ་དང་ད་དུང་ལས་དོན་གཞན་ལའང་གྲོས་བསྡུར་ཞིབ་རྒྱས་གནང་ཡོད།

ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ལས་འགུལ་གནང་བཞིན་པ།