བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ Shri Atal Bihari Vajpayee མཆོག་ལ་བྷ་རཏ་རཱཏ་ན་གཟེངས་རྟགས་འབུལ་རྒྱུ་གནང་བར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་ Shri Atal Bihari Vajpayee མཆོག་ལ་བྷ་རཏ་རཱཏ་ན་ཞེས་པའི་གཟེངས་རྟགས་འབུལ་རྒྱུ་གནང་བར་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ Bharat Ratna award གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་ཐོན་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་བཞིན་ཆེ་མཐོང་ལྡན་པའི་གཟེངས་རྟགས་འདི་བཞིན་སྲིད་བློན་ཟུར་པ་མཆོག་གི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་གསལ་བསྒྲགས་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ངོས་ནས་ཉིན་མོ་འདི་གཞུང་འཛིན་བཟང་པོའི་ཉིན་མོ་ཞེས་གསལ་བསྒྲགས་གནང་ཡོད་སྐོར་ཁོང་ནི་རྒྱ་གར་གྱི་སྲིད་བློན་ནང་ནས་གཟེངས་སུ་ཐོན་པའི་སྲིད་བློན་ཞིག་དང་། ཕུལ་བྱུང་གི་དབུ་ཁྲིད་ཅིག་ཀྱང་ཆགས་ཡོད། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་འཁོད་ཡོད་པ་རེད།