བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སོགས་ལ་འཚམས་འདྲིའི་མཇལ་འཕྲད་མུ་མཐུད་ཞུ་བཞིན་པ།

༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་འཚམས་འདྲི་དང་། མཇལ་འཕྲད་མུ་མཐུད་ཞུ་བཞིན་ཡོད་པ་ལྟར།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༦ ཉིན་ ༡༽ རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་།bj bjBharatiya Janata Party (BJP) ཚོགས་པའི་ཚོགས་མི་ཀིརྟི་ཨ་ཛདྷ་ (Kirit Azad) མཆོག་དང་། ༢༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Bharatiya Janata Party (BJP) ཚོགས་པའི་ཚོགས་མི་ཨ་ཇའེ་ནི་ཤདྷ་ (Ajay Nishad) མཆོག ༣༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Telugu Desam Party (TDP) ཚོགས་པའི་ཚོགས་མི་ཀོ་ན་ཀ་ལཱ་ ན་ར་ཡ་ན་རའོ་ (Konakalla Narayana Rao) མཆོག ༤༽ གྲོས་ཚོགས་འོག་མའི་འཐུས་མི་དང་། ནང་སྲིད་བློན་ཆེན་གཞོན་པ། Bharatiya Janata Party (BJP) ཚོགས་པའི་ཚོགས་མི་ཀི་རན་རི་ཇི་ཇུ་ (Kiren Rijiju) མཆོག ༥༽ གྲོས་ཚོགས་འོག་མའི་འཐུས་མི་དང་། སྲིད་བློན་ཟུར་པ། ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Janata Dal (Secular) (JD(S)) ཚོགས་པའི་ཚོགས་མི་དྷེ་ཝེ་གྷོབ་ཌ་ (H.D. Devegowda) མཆོག ༦༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Janata Dal (Secular) (JD(S)) ཚོགས་པའི་ཚོགས་མི་ཌི་ ཀུ་པེན་དྷར་རེ་ཌེ་ (D.Kupendra Reddy) མཆོག ༧༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Indian National Congress (INC) ཚོགས་པའི་མགྲིན་ཚབ་པ་ཌིག་ཝི་ཇའེ་སིངྒ་ (Digvijay Singh) མཆོག ༨༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Bharatiya Janata Party (BJP) ཚོགས་པའི་ཚོགས་མི་ཐུབ་བསྟན་ཚེ་དབང་(Thupstan Chhewang) མཆོག་བཅས་དང་རིམ་བཞིན་མཇལ་འཕྲད་ཞུས།

ཕྱི་ཚེས་ ༡༧ ཉིན་ ༡༽ bj2bj2རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ། National Peoples’ Party (NPP) ཚོགས་པའི་དབུ་ཁྲིད་ པི་ ཨེ་ སང་མ་ (P.A.Sangma) མཆོག་དང་། ༢༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Bharatiya Janata Party (BJP) ཚོགས་པའི་ཚོགས་མི་བྷ་གཏ་སིངྒ་ཀོ་ཤི་ཡ་རི་ (Bhagat Singh Koshiyari) མཆོག ༣༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Indian National Congress (INC) ཚོགས་པའི་མགྲིན་ཚབ་པ་ས་ཏི་ཡ་ཝདྷ་ཅ་ཏུ་ཝེ་དྷི་ (Mr. Satyavad Chaturvedi) མཆོག ༤༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Republic Party of India (RPI) ཚོགས་པའི་དབུ་ཁྲིད་རམ་དྷས་ཨ་ཋ་ཝ་ལེ་ (Mr. Ramdas Athawale) མཆོག་བཅས་དང་རིམ་བཞིན་མཇལ་འཕྲད་ཞུས་ཡོད་པ་དང་། ད་ལན་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཕྱག་རྟགས་དང་། མཇལ་དར། དོན་ཚན་ ༥ འཁོད་པའི་སྙན་ཞུ་བཅས་ཕུལ་ཡོད་པ་རེད། སྙན་ཞུའི་ནང་དོན་སྙིང་བསྡུས།

རྒྱ་གར་དབུས་སའི་གཞུང་དང་། མི་མང། bj4bj4bj4bj4ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པ་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་། བརྩི་བཀུར་བཅས་ཀྱི་ཐོག་བོད་དོན་བདེན་པའི་འཐབ་རྩོད་ལ་དངོས་ཤུགས་བརྒྱུད་གསུམ་ཅི་རིགས་ཀྱི་སྒོ་ནས་ད་བར་རྒྱབ་སྐྱོར་དང་མཐུན་གྲོགས་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ད་ལན་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་ལས་དོན་དབུ་འཛུགས་དང་འབྲེལ་ཁྱེད་དང་ཁྱེད་ཀྱི་ཚོགས་པའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་། མཐུན་སྦྱོར་རྒྱ་གང་ཆེ་གནང་ཐབས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་དབང་བསྒྱུར་བྱ་འགོ་བཙུགས་ནས་མི་ལོ་ ༦༥ ཕྱིན་པའི་རིང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། རྒྱལ་སྤྱིའི་ཐོག་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་སོགས་རྒྱུན་མ་ཆད་པ་བྱས་པར་བརྟེན་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ནས་བོད་མི་རྣམས་ཀྱིས་སྒེར་ལངས་དང་། ཞི་རྒོལ། རང་ལུས་མེར་བསྲེགས་སོགས་ཀྱི་ལས་འགུལ་ཡང་བསྟུད་མར་སྤེལ་དགོས་ཆགས་ཡོད། རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་རིང་བོད་མི་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། གནའ་རབས་ཀྱི་རྩ་ཆེའི་རིག་གནས་ཀྱི་བསྟི་གནས་དགོན་སྡེ་ ༦༠༠༠ ལྷག་རྩ་གཏོར། ཞིང་འབྲོག་གི་མི་འབོར་ས་ཡ་ ༣ ལྷག་གནས་སྤོས་བྱེད་བཅུག་སྟེ་གར་འགྲོ་འདིར་སྡོད་མེད་པ་བཟོས་པ། དམིགས་བསལ་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཆབ་སྲིད་ཀྱི་གཉའ་གནོན་དང་། རིག་གཞུང་གཏོར་བཤིག མི་འབོར་སྤོ་བཞུད། དཔལ་འབྱོར་དབྱེ་འབྱེད། ཁྲིམས་འགལ་ངང་གཏེར་ཁ་བསྔོག་འདོན་སོགས་ཀྱིས་བོད་མཐོ་སྒང་གི་སྣོད་བཅུད་ཡོངས་རྫོགས་ལ་ཚད་ལས་འདས་པའི་གནོད་སྐྱོན་ཐེབས་ཡོད།

རྒྱ་གཞུང་གིས་བོད་ནང་གཞི་རིམ་འགྲོ་བ་མི་ཡི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱིས་བོད་མི་རྣམས་གང་བྱུང་འཛིན་བཟུང་དང་། བཀག་ཉར། དུས་བཀག་བཙོན་འཇུག མཐའ་ན་དམར་གསོད་བཏང་བ་སོགས་བྱས་ཏེ་ད་ལྟ་ཡང་བོད་མི་ ༡༠༠༠ ལྷག་བཙོན་འོག་ཏུ་གནས་བཞིན་ཡོད་པ་དང་། བོད་མི་རྣམས་ལ་དོན་མེད་གདོང་ཐུག་གིས་ཉིན་རེ་བཞིན་འཇིགས་སྣང་དང་སེམས་འཚབ་ཀྱི་ཁྲོད་དུ་མེ་ཚེ་སྐྱེལ་དགོས་ཆགས་ཡོད། རྒྱ་གཞུང་གིས་མུ་མཐུད་མི་གསོད་ཁྲག་སྦྱོར་སོགས་ཀྱི་ལས་དོན་རྩོམ་བཞིན་པ་ནི་རྒྱ་ནག་དང་། རྒྱལ་སྤྱིའི་ཁྲིམས་བཅས་ལས་ཡོངས་སུ་འགལ་ཡོད། ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་བོད་སར་གཞུང་ལམ་དང་། གནམ་ཐང་། རྡུལ་ཕྲན་མཚོན་ཆ་དབོར་འདྲེན་སོགས་བྱེད་བཞིན་པ་ནི་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། ཉེ་འགྲམ་གྱི་རྒྱལ་ཁབ་མང་པོའི་སྲུང་སྐྱོབ་སྐོར་ལ་ཆེས་ཉེན་ཚབས་ཅན་ཞིག་ཏུ་གྱུར་ཡོད།

ད་ལན་ཞུ་དོན་གཙོ་བོ་ནི། དེ་ལྟ་བུའི་རྒྱ་ནག་གི་དྲང་བདེན་མིན་པའི་བྱ་སྤྱོད་ཁག་ལ་ཐུགས་སྣང་དང་འབྲེལ་ལན་འདེབས་སོགས་གང་ཡང་མེད་པར་ཡན་པོར་མ་སོང་བ་གནང་གལ་དང། བོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་སོགས་ཀྱི་ཆེད་རྒྱ་གཞུང་གྱི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་དང་བཅས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༣༠ ཡིས་རང་ལུས་མེར་བསྲེགས་བཏང་དགོས་ཆགས་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་པ་དང་། བོད་ལ་རང་དབང་དགོས་པ། བོད་ལ་རང་བཙན་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ། བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་དགོས་པ་སོགས་ཀྱི་རེ་འབོད་བྱས་ཡོད་པ་སོགས་ལ་བདག་སྐྱོང་ཡོང་ཐབས།

ཡུན་རིང་ལྷག་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་ཐེངས་ ༩ གནང་སྟེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་གཞུང་ལ་ཕུལ་ཟིན་ཡོད་ཀྱང་། ད་དུང་རྒྱ་གཞུང་གིས་ང་ཚོའི་ངོས་ནས་རང་བཙན་ནམ། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་སོགས་རྩོད་ཀྱི་འདུག་སྐོར་ལ་ཁག་དཀྲིས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དོན་དམ་གྱི་འགན་ཁུར་བྱེད་ཀྱི་མི་འདུག་ན། ཁྱེད་དང་ཁྱེད་ཀྱི་གཞུང་ངོས་ནས་མཐུན་འགྱུར་རམ། གནོན་ཤུགས་ཅི་རིགས་ཀྱི་སྒོ་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཆེད་འབད་བརྩོན་གནང་རོགས་ཞུ་རྒྱུ་དང་འབྲེལ་གཤམ་གསལ་དགོས་འདུན་ཁག་འདོན་རྒྱུ།

༡༽ རྒྱ་གཞུང་གིས་བོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་གིས་བོད་མི་ཚོར་རང་དབང་དང། དྲང་བདེན་གྱི་འགྲོ་བ་མི་ཡི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཐུབ་པའི་མཐུན་འགྱུར་རམ། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་གནང་རོགས་ཞུ་རྒྱུ།

༢༽ བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། ཛ་དྲག་གི་གནས་ཚུལ་ཁག་ཤེས་རྟོགས་ཆེད། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། རྟོག་ཞིབ་ཚོགས་པ་ཆེད་གཏོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟངས་འཛིན་འོག་དངོས་ཡོད་གནས་ཚུལ་ཇི་ཡིན་གྱི་སྙན་ཐོ་འདོན་ཐབས་ཆེད་འབད་བརྩོན་གནང་རོགས་ཞུ་རྒྱུ།

༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ། བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་རྒྱ་གཞུང་དང་ལྷན་བོད་རྒྱ་འབྲེལ་མོལ་སླར་གསོ་དང་འབྲེལ་བོད་ཀྱི་དཀའ་རྙོག་གང་མགྱོགས་སེལ་ཐབས་ཀྱི་མཐུན་འགྱུར་ཡོང་ཐབས་ཞུ་རྒྱུ།

༤༽ ཁྱེད་དང་ཁྱེད་ཀྱི་འཐུས་མིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་གི་བརྒྱུད། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་དང། རྒྱལ་སྤྱིའི་ནང་རྒྱ་ནག་ལ་གནོན་ཤུགས་ཆེ་རུ་སྤྲོད་ཐབས་གནང་རོགས་ཞུ་རྒྱུ།

༥༽ རྒྱ་དཀར་ནག་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་སྐབས་བོད་ཀྱི་གནད་དོན་གཙོ་བོ་བརྩིས་པའི་ཐོག་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གདེངས་སྤོབས་ཆེ་ཙམ་གྱིས་ཁ་གསལ་དུ་གཏོང་ཐབས་གནང་རོགས་ཞུ་རྒྱུ་བཅས།

ཞེས་པའི་དོན་གནད་ཁག་འཁོད་པའི་ཡིག་ཆ་མཉམ་འབུལ་དང་འབྲེལ་ངག་ཐོག་ནས་ཀྱང་སྲིད་དོན་ཚོགས་པ་མ་འདྲ་བ་དང་། གྲོས་ཚོགས་འཐུས་མི་སོ་སོ་བཅས་ཀྱི་གནས་སྟངས་ལ་བསྟུན་པའི་རེ་སྐུལ་དང་། གལས་འདེབས་ཞུས་པ་རྣམས་ལ་དང་ལེན་དང། ཞལ་བཞེས་གང་ལེགས་ཐོབ་སོང་བ་བཅས། ༢༠༡༤།༥།༡༧ ཉིན་གོང་གསལ་ཚོགས་ཆུང་ནས།