བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཞུགས་སྒར་རྡ་ས་ཁུལ་དང་། ཌལ་ཧོར་ཕུན་ཚོགས་གླིང་ས་འགོ་ཁྱབ་ཁོངས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ནས་ ༡༤ བར་བཞུགས་སྒར་རྡ་ས་ཁུལ་དང་། ཌལ་ཧོར་ས་འགོ་ཁྱབ་ཁོངས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་ཕྱི་ཚེས་ ༨ ཉིན་སྤྱི་འཐུས་མཆོག་གིས་རྡ་སྟེང་བོད་ཁྱིམ་དང་། ཧྥོ་སེད་གྷན་ཇི། མེག་གྷན། གངས་སྐྱིད་བཅས་སུ་ལས་རིམ་བསྐྱངས་པ་དང་། ཕྱི་ཚེས་ ༩ ཉིན་རྡ་ཤོད་བོད་ཁྱིམ་དང་། སྣེ་ལེན་ཁང་། ནོར་གླིང་། སྒྲོལ་མ་གླིང་སོགས་ལ་ལས་རིམ། ཕྱི་ཚེས་ ༡༠ ཉིན་སཱ་ར་དང་། ཤུག་གསེབ། འཇམ་དབྱངས་ཆོས་གླིང་། ཏིར་ལོ་པུར་བཅས་སུ་ལས་རིམ། ཕྱི་ཚེས་ ༡༡ ཉིན་རྒྱུད་སྟོད་དང་། ཅ་མུན་ཌ། གྷོ་པལ་པུར་བཅས་སུ་ལས་རིམ་དང་། ཕྱི་ཚེས་ ༡༤ ཉིན་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །