བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སོགས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༡ ནས་ཚེས་ ༢༥ བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། ཨུ་ཀྲི།(ooty)  ཀོ་ཌེ་ཀ་ནལ།(Kodaikanal) ཨི་རོ་ཌེ།(Erode) ཀོ་ཧིམ་བྷ་ཏོར་(Coimbatore) བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༡ ཉིན་གྱི་དགོང་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ་དང་། དེ་རྗེས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས། ཕྱི་ཚེས་ ༡༣ ནས་ ༡༥ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༦ ཉིན་ཨུ་ཀྲི་ཁུལ་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༧ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༨ ཉིན་ཨུ་ཀྲི་ནས་ཀོ་ཌེ་ཀ་ནལ་ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༩ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༠ ཉིན་ཨི་རོ་ཌེ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཀོ་ཧིམ་བྷ་ཏོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་ཀོ་ཧིམ་བྷ་ཏོར་ནས་སྦེང་ལོར་ལ་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༤ ཉིན་སྦེང་ལོར་ནས་ལྡི་ལིར་ཕྱིར་ཕེབས། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །