བཙན་མོའི་ཆུ་མཛོད་ཀྱི་ཉེན་ཚབས།

བོད་མདོ་སྨད་ཁུལ་རེབ་གོང་བཙན་མོ་སྟེ། དེང་སྐབས་རྒྱ་གཞུང་གི་བཅད་བཟུང་ས་ཁུལ་ལྟར་ན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐིན་རིན་རྫོང་བཙན་མོ་ཞིང་དུ་གློག་ཤུགས་མཁོ་འདོན་ཆེད་ཆུ་མཛོད་གཉིས་བརྒྱབ་ཡོད་ལ།  ཆུ་མཛོད་དང་པོ་དེ་དམེ་ཤུལ་མདོ་ཁའི་ཆུ་དམར་ནག་གཉིས་ཞེས་པའི་འདྲེས་མདོ་རུ་ཕྱི་ལོ་ ༢༠༡༠ ལོ་ནས་ལས་གཞི་འགོ་འཛུགས་བྱས་འདུག་པ་དང་། ཆུ་གློག་གསར་རྒྱག་གི་ལས་གཞི་དེའི་རྐྱེན་པས་ས་ཁུལ་དེར་གནས་པའི་བདེ་ཆེན་དགོན་པ་དང་། Microsoft Word - བཙན་མོ་ཆུ་མཛོད།.dབཙན་མོ་མར་སྟིང་གཉིས་ཀྱི་ས་ཞིང་གང་མང་ཞིག་ལས་གཞིའི་ཁྱབ་ཁོངས་སུ་ཤོར་ཡོད་འདུག   གནད་དོན་དེའི་ཐད་གཞུང་ཕྱོགས་ནས་གུན་གསབ་དངུལ་དངོས་ཉུང་ངུ་རེ་བྱིན་ཡོད་ཚོད་ཀྱང་། གློག་ཤུགས་མཁོ་འདོན་གྱི་ཆུ་མཛོད་གཉིས་པ་དེ་བཞིན་བཙན་མོ་ཞང་ཀླུ་ཚང་སྡེ་བའི་གོང་དུ་ཡོད་པའི་ར་ཀོར་སྒང་ཞེས་པའི་ས་ཆ་དེར་ཕྱི་ལོ་ ༢༠༡༢ ལོ་ནས་ལས་འགོ་བཙུགས་ཡོད་པ་ཞིག་ཡིན་ལ། ཆུ་མཛོད་དེའི་རྐྱེན་པས་ས་གནས་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་པ་ཀླུ་ཚང་སྡེ་བའི་རི་མ་ཐང་གི་ཞིང་ས་གང་འཚམ་ཞིག་ལས་གཞི་དེའི་འོག་ཤོར་ཡང་དུས་ད་ལྟའི་བར་གུན་གསབ་དངུལ་དངོས་ཤིག་སྤྲོད་རྒྱུ་ཡིན་སྐོར་ཙམ་ལས་ཡུལ་མི་བོད་རིགས་ཉམ་ཆུང་ཚོར་དངོས་ཡོད་ཀྱི་རོགས་རམ་གུན་གསབ་ཅི་ཡང་སྤྲད་མི་འདུག Microsoft Word - བཙན་མོ་ཆུ་མཛོད།.dགོང་གསལ་ཆུ་མཛོད་དེ་གཉིས་ལས་དམེ་ཤུལ་མདོའི་ཆུ་མཛོད་དེ་ལོ་བཅུ་ཕྲག་འགའི་སྔ་རོལ་ནས་ཡོད་པའི་གློག་འདོན་ས་ཚུགས་ཤིག་རྒྱ་སྐྱེད་བྱེད་ཀྱིན་ཡོད་པ་དང་། ར་ཀོར་སྒང་ས་ཆའི་ཆུ་མཛོད་དེ་ཆུ་མཛོད་ཀྱི་གཤམ་དུ་གློག་གི་བཟོ་གྲྭ་གསར་པ་ཞིག་བཟོས་ཡོད་འདུག་པ་དེར་བེད་སྤྱོད་གཏོང་གི་ཡོད་འདུག
ཆུ་མཛོད་དེ་གཉིས་ཀྱི་ལས་བཟོ་བ་དག་ལེན་ཞཱ་ཞེས་པའི་རྒྱ་ནག་གི་རྫོང་དེ་ལས་ཐོན་པའི་ལག་རྩལ་བ་ཤ་སྟག་ཡིན་འདུག་པར་བཤད་ཅིང་། འགན་འཁུར་ཆ་ཚང་ཐད་ཀར་མཚོ་སྔོན་ཞིང་ཆེན་ནས་འཁུར་གྱི་ཡོད་པ་རེད་ཟེར།
ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༧ ཚེས་ ༧ ནས་མདོ་སྨད་ཀྱི་ས་ཁུལ་མང་པོར་ཆར་ཆུ་མོད་ལ་དམིགས་བསལ་བྱ་གཞུང་དང་། མང་གཞུང་། མགོ་ལོག རེབ་གོང་སོགས་སུ་ཆར་ཤུགས་ཅུང་ཆེ་ཙམ་བབ་པས་ས་ཁུལ་མང་པོ་ཞིག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་པ་བཞིན་རེབ་གོང་བཙན་མོའི་ས་ཆར་ཡང་ཆུ་ལོག་བྱུང་བས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་ཆུ་མཛོད་ལས་ཆུ་ཕྱིར་གཏོང་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་འདུག ད་དུང་ཆར་ཆུ་ཆེ་ཆེར་རྒྱས་པ་དང་ཆུ་མཛོད་དེ་གཉིས་ནས་དུས་ཐོག་ཆུ་ཕྱིར་གཏོང་མ་ཐུབ་པའི་དཀའ་ངལ་མུ་མཐུད་གནས་ཚེ་རགས་ཁ་འཆོར་བའི་ཉེན་ཁ་ཤིན་ཏུ་ཆེ། གལ་སྲིད་ཆུ་མཛོད་འདི་གཉིས་ཤོར་བ་ཡིན་ན་བཙན་མོ་ཞང་གི་ཁོངས་ནས་ཀླུ་ཚང་སྡེ་བ་དང་། བཙན་མོ་ཡར་སྟིང་མར་སྟིང་། རྫོང་དཀར་དགོན་པ། བདེ་ཆེན་དགོན་པ།  Microsoft Word - བཙན་མོ་ཆུ་མཛོད།.dཆུ་ཁོག་ཞང་གི་དཔྱི་ས་སྡེ་བ། མདོ་བ་རོང་སོགས་ཐིན་རིན་རྫོང་ཐོག་ཏུ་གནས་པའི་ཡུལ་སྡེ་ཧ་ཅང་མང་པོར་ཆུས་འཇིགས་ཉེན་ཡོད་པ་མ་ཟད།  མདོར་ན་སྨད་པ་སོགས་དགུ་ཆུའི་འགྲམ་རྒྱུད་དུ་གནས་པ་ཆ་ཚང་ཆུས་འཁྱེར་བའི་ཉེན་ཤིན་ཏུ་ཆེ་བ་ཡོད།

དམེ་ཤུལ་མདོ་ཁའི་ཆུ་མཛོད་དེ་གསར་བསྐྲུན་བྱས་རྐྱེན་གྱིས། བདེ་ཆེན་དགོན་པ་དང་།  བཙན་མོ་མར་སྟིང་གཉིས་བཅས་ཕ་མེས་དུས་ནས་གནས་འཆའ་སའི་ཕ་ས་དྲོན་མོའི་ཐོག་སྡོད་དབང་མེད་པར་རུ་སྤོར་དགོས་པའི་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་སོ་སོའི་ཁེ་ཕན་འབའ་ཞིག་གི་ཆེད་དུ་གཞུང་གི་ལས་གཞི་འདྲ་མིན་སྣ་ཚོགས་ལ་ཁ་གཡར་ནས་ཁེ་ལས་ཚན་པ་མང་དག་ཅིག་སྒྲུབ་བཞིན་ཡོད། དེ་དག་གིས་མི་མང་དཀྱུས་མའི་བདེ་སྡུག་ལ་ཅི་མི་སྙམ་པར་རང་སྣང་གང་ཤར་བྱེད་ཀྱིན་ཡོད་ལ། དེ་ལྟའི་ཁེ་ལས་པ་ཁག་ཅིག་གིས། རེབ་གོང་རོང་བོ་དགུ་ཆུའི་རྒྱུད་དུ་གློག་འདོན་བྱེད་སའི་ས་ཚུགས་མང་པོ་ཞིག་གསར་རྒྱག་བྱས་ཡོད་པ་དང་། གཞུང་སྒེར་གང་ཡིན་ཆ་འཚལ་བའི་ལས་གཞི་དེ་དག་ལག་བསྟར་བྱེད་པའི་རྒྱུད་རིམ་ཁྲོད་ས་གནས་ཡུལ་མི་རྣམས་ལ་དགོས་ངེས་གུན་གསབ་མ་སྤྲད་པ་སོགས་ཀྱི་རྐྱེན་པས། གློག་འདོན་ས་ཚུགས་གསར་རྒྱག་བྱེད་མཁན་གྱི་ཁེ་གཉེར་ཁང་དང་། ས་གནས་མི་མང་བར་དུས་དང་རྣམ་པ་ཀུན་ཏུ་རྩོད་རྙོག་བྱུང་བཞིན་ཡོད་པའི་གནས་ཚུལ་འདུག