བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡།༢༠༡༢ ལོའི་གཏོང་ལེན་ཁྲིམས་ཡིག

Article Index
བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡།༢༠༡༢ ལོའི་གཏོང་ལེན་ཁྲིམས་ཡིག
བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༡་་༢༠༡༢ ལོའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་གཤམ་གསལ། 
དཔལ་འབྱོར་གྱི་དབང་ཚད་དང་རྩིས་ཀྱི་འགན་འཁུར།
ཁྲིམས་ཡིག་བསྐྱར་བཅོས།
All Pages

༄༅། །བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡།༢༠༡༢ ལོའི་གཏོང་ལེན་ཁྲིམས་ཡིག

དོན་ཚན་དང་པོ། འབབ་ཡོང༌།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་གི་ཕྱོགས་བསྡོམས་མ་དངུལ་རྩིས་ལོ་ ༢༠༡༡།༢༠༡༢   རིང་གཤམ་གསལ་འབབ་ཡོང་རྣམས་བསྡུ་ལེན་བྱ་རྒྱུའི་འགན་དབང་བཙན་བྱོལ་བོད་གཞུང་ལ་བསྐུར་བ་ཡིན།

ཨང༌། ཡོང་ཁུངས། སྒོར། (༠༠༠)
༡༽ རྩིས་ལོ་ ༢༠༡༡།༢༠༡༢ ལོའི་སྔོན་རྩིས་གསུང་བཤད་ནང་གསལ་རྒྱུན་གྲོན་དང་དམིགས་བསལ་སྔོན་རྩིས་ཐོག་ཡོང་འཆར་བསྡོམས་སྒོར། ༢༧༡༡༤༦༢༢༢
༢༽ རྩིས་ལོ་ ༢༠༡༡། ༢༠༡༢ ལས་ཁུངས་དང་སྡེ་ཚན་སོ་སོའི་ཟུར་བཀོལ་བཅས་ལ་འདི་ལོའི་ཡོང་འཆར་བསྡོམས་སྒོར། ༦༩༡༥༤༦༨༨༤
༣༽ རྩིས་ལོ་ ༢༠༡༠།༢༠༡༡ ལོ་མཇུག་ལས་ཁུངས་དང་སྡེ་ཚན་སོ་སོའི་ཟུར་བཀོལ་ལྷག་འཆར་བསྡོམས་སྒོར། ༡༤༥༡༠༤༩༠༠༥

ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག

༡༽ སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་དྲུག་གྱི་སྔོན་རྩིས་ཡོང་འཆར། ༢༩༧༤༨༣༤༧
༢༽ སྦེང་ལོར་ལྷོ་སྤྱི་ལས་ཁུངས་ས་འཐུས་མེད་པའི་ས་གནས་ཁག་དྲུག་གྱི་སྔ་ལོའི་ལྷག་འཆར་བསྡོམས་སྒོར། ༥༠༦༤༧༡༧༦
༣༽ འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང༌། སྨན་ཁང་ཁག་ ༡༡ བཅས་ཀྱི་སྔོན་རྩིས་ཡོང་འཆར། ༢༩༥༢༤༣༩༠
༤༽ འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང༌། སྨན་ཁང་ཁག་ ༡༡ བཅས་ཀྱི་སྔ་ལོའི་ལྷག་འཆར་བསྡོམས་སྒོར། ༤༤༤༠༡༩༨༨