བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱི་ལས་འགུལ་ལྡི་མ་སྤུར་འབྱོར་བ།

རྒྱ་གར་བྱང་ཤར་ལྡི་མ་སྤུར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་སྐོར། ས་གནས་དེའི་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་བཏང་གནས་སུ། ཕྱི་ལོ། ༢༠༡༢ ཟླ་བ། ༧ ཚེས། ༡༣ ཉིན་ལྡི་མ་སྤུར་ས་གནས་རང་ཚོགས་ཀྱི་ཚོགས་གཙོ་ཕྲན་བཀྲིས་དོན་གྲུབ་དང༌། དྲུང་ཆེ་ཕུར་པོ་ཚེ་རིང་ལགས། རྩིས་པ་བཀྲིས་ཟླ་བ་བཅས་ལྡི་མ་སྤུར་ནས་རྒྱ་གར་ཨ་སམ་གྱི་གྲོང་ཁྱེར་གྷོ་བ་ཏྲིར་བདེན་པའི་མི་ལྕེ་ཤེ་ལོང་སྐུ་ངོ་ལྷག་པ་ཚེ་རིང་ལགས་ཕྱག་ནས་རྩིས་ལེན་དང་སྦྲགས་གསར་འགོད་པ་ཚོར་བདེན་པའི་མེ་ལྕེའི་དམིགས་ཡུལ་དང༌། ད་ལྟའི་བོད་ནང་གི་ཡ་ང་བའི་ཛ་དྲག་གི་གནས་སྟང་སྐོར་ལ་འགྲེལ་བཤད་བྱས། ཕྱི་ཚེས། ༡༤ ཉིན་བདེན་པའི་མེ་ལྕེ་ལྡི་མ་སྤུར་དུ་མི་མང་སྤྱི་ཁང་ནང་དུ་གདན་ཞུ་བྱས་ཏེ་ས་གནས་འོས་བསྡུའི་འགན་འཛིན་དང༌། སྐྱིད་སྡུག་གི་ཚོགས་གཙོ། རང་ཚོགས་བཅས་ཀྱིསའདས་པའི་དཔའ་བོ་རྣམ་པའི་ཆེད་དཔལ་ལྡན་རྒྱུད་སྟོད་གྲ་ཚང་གི་དགེ་འདུན་པ་རྣམས་པ་གདན་ཞུས་ཐོག་མྱ་ངན་གྱི་སྒོ་ནས་བདེན་པའི་མེ་ལྕེ་མི་མང་རྣམས་ལ་སྤྱན་འབུལ་དང་ལྷན་དུ་མེ་ལྕེའི་དགོས་དམིགས་ཁག་མི་མང་ཚོར་ཤིས་ལོངས་སྐུ་ངོ་ལྷག་པ་ཚེ་རིང་ལགས་དང༌། ཕྲན་བཀྲིས་དོན་གྲུབ་ཀྱི་ངོ་སྤྲོད་བྱས་པ་དང་སྦྲགས་ཚེས། ༡༥། ༡༦། ༡༧། བཅས་ཉིན་གསུམ་རིང་མཚན་རྟགས་བསྡུ་རུབ་དང་རྒྱས་གཅེས་དཔའ་བོའི་རྣམ་པའི་ཆེད་དུ་མ་ཎི་བསགས། མ་ཟད་ཚེས་༡༥ བཅོ་ལྔའི་ཞོགས་པ་ཀོ་ཧི་མ་ས་གནས་སུ་བདེན་པའི་མེ་ལྕེ་གདན་ཞུ་དང་མཚན་རྟགས་བསྡུ་རུབ་བྱས་པ་དང་ཀོ་ཧི་མ་ནས་ཞལ་འདེབས་ཞུས་ཏེ་ཞལ་འདེབས་སྒོར་དྲུག་སྟོང་བརྒྱད་བརྒྱ་དྲུག་བཅུ། ༦༨༦༠། བྱུང༌། དགོངས་དྲོ་སླར་ཡང་ལྡི་མ་སྤུར་དུ་མ་ཎི་དང་ཞལ་འདེབས་ཞུས་ཏེ་ཞལ་འདེབས་སྒོར་བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ། ༤༨༤༠༠ བྱུང་པས་བསྡོམས་སྒོར་གོང་གསལ་ས་གནས་གཉིས་ནས་ཞལ་འདེབས་ལྔ་ཁྲི་ལྔ་སྟོང་ཉིས་བརྒྱ་དྲུག་བཅུ། ༥༥༢༦༠། བྱུང༌། ཚེས། ༡༨ རེས་གཟའ་ལྷག་པའི་ཉིན་ལྷག་དཀར་ལས་འགུལ་དང་འབྲེལ་བདེན་པའི་མེ་ལྕེ་རྒྱལ་ཁའི་ངང་མི་མང་དཀྱིལ་ནས་གདན་འདྲེན་ཞུས་ཏེ་ཏི་སེ་སྤུར་བར་དུ་ཕྱིན་ཏེ་བསྟན་འཛིན་སྒང་གི་གཞིས་འགོར་རྩིས་འབུལ་ཞུས་པ་བཅས་སོ།