བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།

༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།

བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་བཏང་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༡ ཉིན་བསྟན་སྒང་གཞིས་སྒར་ནས་རྒྱང་ཐག་ཀི་ལོ་མི་ཊ་ ༡༨ ཡོད་པའི་གྲོང་འཁྱེར་ཁ་ལག་ཐང་ས་གནས་སུ་དགོང་དྲོའི་ཚོུད་ ༥།༣༠ ནས་འགོ་འཛུགས་ཀྱིས། ས་གནས་ཡུལ་མིའི་འགོ་འཁྲི་དང་སློབ་ཕྲུག་མི་མང་བཅས་མཉམ་ཞུགས་བོད་མི་ལས་ཕོན་ཆེ་བ་ཡོད་པ་རྣམས་འཛོམས་ཐོག ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་སྐོར་གྱི་སྐོར་འགྲེལ་བརྗོད་དང་སྦྲགས། མི་གྲངས་ ༣༥༠ ལྷག་ཙམ་ནས་ཁུལ་འདིའི་ས་གནས་སུ་ཁྲོམ་སྐོར་ཞུས་ནས། དགོང་དྲོ་ཕྱག་ཚོད་ ༧།༣༠ ཙམ་ལ་མི་མང་རྩེ་ཐང་དུ་ཉིན་དེའི་ལས་འགུལ་མཇུག་བསྡོམས་གནང་རྗེས། ས་གནས་འགོ་འཛིན་གྱིས་ཡུལ་མི་རྣམས་ནས་རྒྱབ་སྐྱོར་མཚོན་བྱེད་ལས་འགུལ་ལ་མཉམ་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ནས། ལས་གཞི་དོན་ལྡན་བྱུང་བ་དགའ་སྤོབས་དང་མུ་མཐུད་རྒྱབ་སྐྱོར་ཡོང་བ་འབོད་བསྐུལ་ཞུས་ནས་ཉིན་དེའི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྡོམས་ཞུས།
༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།

ཟླ་ ༧ ཚེས་ ༢༢ ཉིན་བསྟན་སྒང་གཞིས་སྒར་ནས་རྒྱང་ཐག་ཀི་ལོ་མི་ཊ ༢༠ ཙམ་ཡོད་པའི་གྲོང་འཁྱེར་ཤེར་སྒང་དུ། འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཐོབ་པ་དང་། ས་གནས་མི་མང་འགོ་འཁྲིད་རྣམས་ལ་འབྲེལ་ལམ་གྱིས་ལས་གཞི་མཉམ་བཞུགས་ཡོང་བའི་འབོད་བསྐུལ་ཡང་ཞུས། ཚང་མས་དགའ་སྤོབས་ངང་ཁས་ལེན་དང་ཡུལ་མི་ཚོའང་མཉམ་ཞུགས་དགོས་པའི་འབོད་བསྐུལ་གནང་འདུག་པས། གྲོང་འཁྱེར་མཐར་འདུ་འཛོམས་ཀྱིས་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གནང་རྗེས། དགོང་དྲོའི་ཚོུད་ ༤།༣༠ ཙམ་ནས་འགོ་འཛུགས་ཀྱིས་འབྲེལ་ཡོད་ས་གནས་ཚང་མའི་ནང་སྐོར་བསྐྱོད་ཀྱིས། འཁྲོམ་གཞུང་ནང་དགོང་དྲོ་ཕྱག་ཚོད་ ༧།༣༠ ཙམ་བར་དུ་ལས་འགུལ་སྤེལ་བ་དང་། ས་གནས་ཡུལ་མི་རྣམས་ནས་རྒྱབ་སྐྱོར་མཚོན་ཆེད་ལས་འགུལ་ལ་མཉམ་ཞུགས་གནང་བར་མ་ཟད། མི་མང་ཚང་མར་གསོལ་ཇ་བཞེས་ཏོག་ཀྱང་གོ་སྒྲིག་མཐུན་འགྱུར་གནང་འདུག་པར། ས་གནས་འགོ་འཛིན་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་ནས་ཉིན་དེའི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྡོམས་ཞུས།
༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།

ཟླ་ ༧ ཚེས་ ༢༣ ཉིན་བསྟན་སྒང་གཞིས་སྒར་ནང་ཆོས་འཁོར་དུས་ཆེན་དང་སྟབས་བསྟུན་སྟེ། ཞོག་པ་ཚོུད་ ༨ པ་ནས་འགོ་འཛུགས་ཀྱིས་བདེན་པའི་མེ་ལྕེ་ལ་མཇལ་དར་བསྒྲོན་ཏེ་ཕེབས་བསུ་ཞུས་རྗེས། བོད་ཕྱི་ནང་གི་དཔའ་བོ་དཔའ་མོ་འདས་གྲོངས་སུ་གྱུར་པ་དང་། ལྷག་པར་སྐུ་ལུས་མཆོད་མེ་འབུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ། ཉིན་རྒྱབ་བར་ས་སྐྱ་མི་མང་ཡོངས་ནས་སྨོན་ལམ་མཆོད་འབུལ་རྒྱ་ཆེ་གནང་རྗེས། དགོང་དྲོའི་ཕྱག་ཚོད་ ༣ ནང་ལས་ཁུངས་མདུན་ཐང་དུ་འདུ་འཛོམས་ཐོག ལས་གཞི་འགོ་འཛུགས་ཀྱིས་གཞིས་གྲོང་དང་པོ་དང་གཉིས་པ་བཅས་སུ་བསྐོར་བསྐྱོད་ཀྱི་དགོང་དྲོ་ཕྱག་ཚོད་ ༧།༠༠ པ་ཙམ་ལ་དཔལ་རྒྱུད་གྲྭ་ཚང་དུ་ལས་གཞི་རྒྱལ་ཁའི་ངང་ཉིན་དེའི་ལས་འགུལ་མཇུག་བསྡོམས་ཞུས།
༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།༢༠༡༢།༠༧།༢༡-༢༤ བར་བདེན་པའི་མེ་ལྕེའི་ལས་འགུལ་བསྟན་སྒང་གཞིས་ཆགས་སུ་འབྱོར་བ།

ཟླ་ ༧ ཚེས་ ༢༤ ཉིན་བསྟན་སྒང་གཞིས་སྒར་ནས་རྒྱང་ཐག་ཀི་ལོ་མི་ཊ་ ༦༠ ཙམ་ཡོད་པའི་གྲོང་འཁྱེར་ཆེ་གྲས་རུ་པ་ས་གནས་སུ་བསྟན་སྒང་གཞིས་མི་དྭང་བླང་གྲངས་ ༧༠ ཙམ་དང་། ཡུལ་མི་རྒྱབ་སྐྱོར་བ་མཚོན་ཉེ་འགྲམ་བོད་མི་བསྡོམས་མི་གྲངས་ ༡༥༠ ཙམ་འདུ་འཛོམས་ཐོག དགོང་དྲོའི་ཚོུད་ ༥།༠༠ ནས་འགོ་འཛུགས་ཀྱིས་ས་གནས་ཡུལ་མིའི་ལས་ཁུངས་དང་འཁྲོམ་གཞུང་སྐོར་བསྐྱོད་བྱས་ཏེ། དགོང་དྲོ་ཕྱག་ཚོད་ ༧།༠༠ ཙམ་ལ་ཉིན་དེའི་ལས་གཞི་མཇུག་བསྡོམས་གནང། དེ་ནས་ས་གནས་འགོ་འཛིན་དང་གཞིས་མི་དྭང་བླང་བ་རྣམས་དགོངས་དྲོ་འབུམ་སྡེ་ལ་རུ་བདེ་འཁོད་བྱུང་ནས། མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། མཐའ་དོན་གོང་འཁོད་ཉིན་གྲངས་ ༤ ཙམ་རིང་ལས་གཞི་ལག་བསྟར་གང་ལེགས་ཞུ་ཐུབ་པ་བྱུང་བ་མ་ཟད། ཡུལ་མི་འགོ་འཁྲིད་དང་མི་མང་ངོས་ནས་རྒྱབ་སྐྱོར་མཚོན་ཆེད། ལས་འགུལ་ལ་མཉམ་བཞུགས་གནང་བ་དང་། ཆོས་དང་རིག་གཞུང་གཅིག་པའི་མི་རིགས་ཡིན་པར་བརྟེན་དམིགས་བསལ་དོ་སྣང་རྒྱབ་བསྐྱོར་གནང་བཞིན་པ་དང༌། མ་ཟད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་གཞི་མཚན་རྟགས་ཀྱང་གནང་ཐོབ་བྱུང་བར་དམིགས་བསལ་བོད་དོན་དྲིལ་བསྒྲགས་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་ཞུ་རྒྱུ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།
བསྟན་སྒང་ས་གནས་འགོ་འཛིན་ལས་ཁུངས་ནས།