བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྒྱ་གར་དམག་སྤྱི་ཟུར་པས་རྒྱབ་སྐྱོར་གནང་བ།

རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) མཆོག་གི་ལྷན།རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) མཆོག་གི་ལྷན།རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) མཆོག་གིས་མཚན་རྟགས་གནང་བཞིན་པ།རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) མཆོག་གིས་མཚན་རྟགས་གནང་བཞིན་པ།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་འོག་ར་ཇ་སེ་ཐན་ (Rajasthan) མངའ་སྡེའི་ཇོཏ་སྤུར་ (Jodhpur) གྲོང་ཁྱེར་ནང་ཟླ་ ༡༠ ཚེས་ ༤ ཉིན་འབྱོར་བ་དང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ར་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་སྣེ་ལེན་གནང་བ་དང་། ལྷག་པར་རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) མཆོག་དང་། གཞན་ཡང་དམག་དཔོན་ཟུར་པ་སྐུ་ཞབས་ ཨན་ སྦི་ སིང་ (Maj Gen. N. B. Singh) མཆོག་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་ཡོད་པ་རེད།
ར་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཟབ་རྒྱས་ཞུས་གནང་བ་མ་ཟད། བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད། ལྷག་པར་ཚོགས་གཙོ་སྐུ་ཞབས་ ར་ན་ ཇི་ཏ་ ཇོ་ཤི་ (Ranjeet Joshi) མཆོག་གིས་གཙོས་རྒྱུན་ལས་དང་ཚོགས་ཁག་ཅིག་གིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད་པ་རེད།

ར་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ལྷན།ར་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ལྷན།གསར་འགོད་ལྷན་ཚོགས།གསར་འགོད་ལྷན་ཚོགས།

ཟླ་ ༡༠ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༠༢།༠༠ ཐོག་ཀི་སན་སྦ་ཝན་ (Kisan Bhavan) ཞེས་པའི་ཚོགས་ཁང་ནང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་འཚོགས་པ་དང་། སྐབས་དེར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་དང་། ཡང་སྒོས་བོད་ནང་ད་བར་ཁྱོན་རྒྱལ་གཅེས་པ་བོད་མི་སྐྱ་སེར་བསྡོམས་ ༥༢ ཡི་རང་ལུས་མེར་སྲེག་བཏང་བའི་ཁོངས་བོད་མི་ ༤༣ འདས་གྲོངས་སུ་ཕྱིན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཙམ་མིན་པར་སྤྱིར་འཛམ་གླིང་སྤྱི་དང་ཡང་སྒོས་གླིང་ཕྲན་ཨེ་ཤི་ཡའི་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བ་ཆེན་པོ་ཡོད་པ་སོགས་འགྲེལ་བརྗོད་གནང་སྟེ། བོད་དོན་ལ་རྒྱ་གར་མང་ཚོགས་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཡང་གནང་ཡོད་པ་རེད། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ རེ་ཤམ་སྦ་ལ་(Resham Bala) མཆོག་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད། གསར་འགོད་ལྷན་ཚོགས་སར་ཁུལ་འདིའི་གསར་འགོད་མང་པོས་མཉམ་བཞུགས་གནང་ཡོད་པས་མ་ཟད། བརྒྱུད་ལམ་མང་པོའི་ནང་བོད་དོན་གནས་ཚུལ་ཐོན་ཐུབ་པའང་བྱུང་ཡོད་པ་རེད།

གྲོང་ཁྱེར་སྤྱི་ཁྱབ་པས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་བཞིན་པ།གྲོང་ཁྱེར་སྤྱི་ཁྱབ་པས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་བཞིན་པ།གྲོང་ཁྱེར་སྤྱི་ཁྱབ་པས་ བདེན་པའི་མེ་ལྕེ་འདེགས་བཞིན་པ། གྲོང་ཁྱེར་སྤྱི་ཁྱབ་པས་ བདེན་པའི་མེ་ལྕེ་འདེགས་བཞིན་པ།

དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་ཁུལ་འདིའི་སུད་ཚོང་སྐྱིད་སྡུག་གི་བོད་མི་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་ཇོཏ་སྤུར་ (Jodhpur) རི་ལི་བབས་ཚུགས་ནས་འགོ་འཛུགས་ཀྱིས་ཇོཏ་སྤུར་གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་ཆབས་ཅིག་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུས་པ་དང་། ཇོཏ་སྤུར་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ ར་མེ་ཤ་ཝར་ རྡ་རྡིཇ་ (Rameshwar Dadhich) མཆོག་ནས་ཁྲོམ་སྐོར་འགོ་འབྱེད་གནང་སྟེ། བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་ཡོད་པ་རེད།
ད་རེས་ཀྱི་ཁྲོམ་སྐོར་ནང་རྒྱ་གར་གནད་ཡོད་མི་སྣ་མང་པོས་ལྷན་བཞུགས་གནང་ཡོད་པ་དང་། དེ་དག་ཁོངས་རྒྱ་གར་སྦི་ཇེ་སྤི་ (BJP) ཆབ་སྲིད་ཚོགས་པའི་ཇོཏ་སྤུར་རྫོང་གི་ཚོགས་གཙོ་སྐུ་ཞབས་ ན་རན་རྡ་ར་ཀཊ་ལ་ (Narendra Kadlal) མཆོག་གིས་དབུས་ཁྲིམས་རྩོད་པ་དང་། ཚོང་པ་སོགས་མི་སྣ་མང་པོས་ལས་འགུལ་ནང་ལྷན་བཞུགས་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་སྐྱོན་གནང་ཡོད་པ་རེད། ས་གནས་སུད་སྐྱིད་སྡུག་གི་འཐུས་མི་ཟུར་པ་བཀྲ་ཤིས་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། དེ་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ལེན་ཏེ་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།

རྒྱ་གར་རྒྱབ་སྐྱོར་བ་ཁག་གཅིག་གིས་བདེན་པའི་མེ་ལྕེ་འདེགས་བཞིན་པ།རྒྱ་གར་རྒྱབ་སྐྱོར་བ་ཁག་གཅིག་གིས་བདེན་པའི་མེ་ལྕེ་འདེགས་བཞིན་པ།

ད་རེས་ཀྱི་ལས་འགུལ་དེ་བཞིན་རྒྱ་གར་འཕགས་བོད་མཛའ་ཚོགས་ཀྱི་བུད་མེད་སྡེ་ཚན་དང་། བོད་མིའི་སུད་ཚོང་སྐྱིད་སྡུག་གཉིས་ཀྱི་མཐུན་འགྱུར་དང་འགན་འཁུར་འོག་སྤེལ་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་ཕྱི་ཟླ་ ༨ ཟླ་མཇུག་ནང་རྒྱ་གར་ལྷོ་ཕྱོགས་སྒོ་ཝ་ (Goa) མངའ་སྡེའི་ནང་སྐོར་བསྐྱོད་གྲུབ་མཚམས། ཟླ་ ༨ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༩ བར་མོན་གྷོ་འདོད་རྒུ་གཞིས་ལས་ཁང་གི་གོ་སྒྲིག་འོག་ཀར་ན་ཊ་ཀ་ (Karnataka) མངའ་སྡེའི་ཀར་ཝར་ (Karwar) དང་། ཧུབ་ལི། (Hubli) རྡར་ཝཊ་ (Dharwad) གྲོང་ཁྱེར། མོན་གྷོ་གཞིས་ཆགས་བཅས་ཀྱི་ནང་སྐོར་བསྐྱོད་བྱས་ཡོད་པ་དང་། དེ་རྗེས་ཟླ་ ༩ ཚེས་ ༡༠ ནས་ ༡༢ བར་ཨན་རྡ་ར་སྤར་རྡ་ཤེ་ (Andhara Pradesh) མངའ་སྡེའི་རྒྱལ་ས་ཧེ་རྡ་ར་སྦཏ་ (Hyderabad) ནང་ཁུལ་དེའི་བོད་མིའི་སུད་ཚོང་སྐྱིད་སྡུག་དང་མཐོ་སློབ་སློབ་ཕྲུག་བཅས་ཀྱི་འགན་འཁུར་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་རེད། དེ་རྗེས་ཟླ་ ༩ ཚེས་ ༡༥ ནས་ ༡༧ བར་རྒྱ་གར་མ་ཧ་ཪ་ཤ་ཊ་ར་ (Maharashtra) མངའ་སྡེའི་གྲོང་ཁྱེར་སྤུ་ནེ་ (Pune) རུ་ཁུལ་དེའི་བོད་མིའི་སུད་ཚོང་སྐྱིད་སྡུག་དང་མཐོ་སློབ་སློབ་ཕྲུག་བཅས་ཀྱི་གོ་སྒྲིག་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་རེད། དེ་རྗེས་ཟླ་ ༩ ཚེས་ ༡༨ ནས་ ༢༢ བར་ཉིན་བཞིའི་རིང་རྒྱ་གར་མ་ཧ་ཪ་ཤ་ཊ་ར་ (Maharashtra) མངའ་སྡེའི་རྒྱལ་ས་མུམ་སྦེ་ (Mumbai) ནང་ཁུལ་དེའི་རྒྱ་གར་ནང་པའི་སྒྲིག་འཛུགས་དང་། རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པ། བོད་མི་བཅས་ཀྱི་མཉམ་རུབ་ཀྱི་འགན་འཁུར་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་རེད། དེ་ནས་ཟླ་ ༩ ཚེས་ ༢༣ ནས་ ༢༦ བར་མ་ཧ་ཪ་ཤ་ཊ་ར་ (Maharashtra) མངའ་སྡེའི་གྲོང་ཁྱེར་ན་སིག་ (Nashik) ནང་ཁུལ་དེའི་བོད་མིའི་སུད་ཚོང་སྐྱིད་སྡུག་དང་། ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འགན་འཁུར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་རེད།

སྦི་ཇེ་སྤི་ཆབ་སྲིད་ཚོགས་རྫོང་གི་ཚོགས་གཙོས་བདེན་པའི་མེ་ལྕེ་འདེགས་བཞིན་པ།སྦི་ཇེ་སྤི་ཆབ་སྲིད་ཚོགས་རྫོང་གི་ཚོགས་གཙོས་བདེན་པའི་མེ་ལྕེ་འདེགས་བཞིན་པ།

སྤྱིར་བཏང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ད་ལྟ་རྒྱ་གར་ཧ་རི་ཡ་ན་ (Haryana) མངའ་སྡེའི་གྲོང་ཁྱེར་སྤ་ནི་སྤ་ཏ་ (Panipat) དང་། རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་རྒྱ་གར་ཇར་ཁན་ (Jharkhand) མངའ་སྡེའི་རྒྱལ་ས་ རན་ཅི་ (Ranchi) སོ་སོའི་ནང་སྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་། ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ས་ཕྱོགས་གསུམ་ནས་འགོ་འཛུགས་ཞུས་པའི་བདེན་པའི་མེ་ལྕེ་འདས་པའི་ཟླ་བ་ ༣ ནང་རྒྱ་གར་མངའ་སྡེ་ ༢༥ དང་གྲོང་ཁྱེར་ལ་སོགས་ས་ཁུལ་ ༡༠༠ ལྷག་ཙམ་གྱི་ནང་སྐོར་བསྐྱོད་བྱས་ཟིན་པ་དང་། བོད་དོན་ཞུ་སྙན་སྟེང་ས་རྟགས་ཀྱང་རྒྱ་གང་ཆེ་བསྡུ་རུབ་ཞུས་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།