བཀའ་སྤྱི་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ནས་བཟུང་ལོ་ལྟར་བོད་ཕྱི་ནང་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་མཚོན་ཆེད་ཆབས་ཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་ཐོག་ཐག་གཅོད་གནང།

ཆེད་བསྒྲགས།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ ༢༠༡༢ ཀྱི་རྒྱབ་གཉེར་སྙན་ཐོའི་དགོངས་དོན་ལྟར་རིང་མིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ནས་བཟུང་ལོ་ལྟར་གལ་ཆེའི་དུས་དྲན་དེ་ཉིན་བོད་ཕྱི་ནང་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་མཚོན་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་བཀའ་སྤྱི་ལྷན་ཚོགས་ཐོག་ཐག་གཅོད་གནང་ཡོད་པ་སྔོན་དུ་གསར་ལམ་ཁག་བརྒྱུད་ཡོངས་ཁྱབ་སོང་ཡོད་པ་ལྟར། གལ་ཆེ་ནན་དཔེས་ད་ལམ་བསྐྱར་དུ་དྲན་སྐུལ་བྱ་བཞིན་ཡོད།   སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༤ ལ།།