བཀའ་བློན་ཁྲི་ཟུར་༸སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

DSC04241

ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཡི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ལ་འཁྱུག་ཙམ་གཟིགས་ཞིབ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་མཇལ་ཏེ། ཁོང་དགུང་ན་ཕྲ་བའི་དུས་ནས་བོད་དང་བོད་མིའི་ཆེད་རྒྱ་ནག་ཏུ་སློབ་སྦྱོང་ལ་ཕེབས་པ་ནས་བཟུང་བོད་དོན་ཕྱག་ལས་ཇི་གནང་སྐོར་མདོར་བསྡུས་ཤིག་གསུངས་པ་དང་། སྤྱི་འཐུས་རྣམ་པས་ཀྱང་ཕྱོགས་གང་ས་ནས་ནུས་ཤུགས་འདོན་གནང་དགོས་པའི་གཞེན་སྐུལ་གནང་ཞིང་། ད་ཆ་ཁོང་དགུང་ན་མཐོ་ཕེབས་ལ་བརྟེན་བཀའ་མོལ་གནང་བར་ཕེབས་པ་ཡིན་པ་དང་། ད་དུང་མཇལ་རྒྱུ་བྱུང་ན་ཕན་ཚུན་བཀའ་མོལ་ཞིབ་ཙམ་ཞུ་འདུན་ཡོད་སྐོར་ཡང་བཀའ་གནང་སོང།།