བཀའ་བརྒྱུད་སྤྱི་འཐུས་ཚབ་གསར་དགོངས་ཞུ་གནང་བ།

བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༠ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་རྗེས་ཁོང་གི་ཚབ་གསར་ཐད་བཀའ་བརྒྱུད་སྤྱི་འཐུས་སུ་དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་སྐབས་བཅོ་ལྔ་པའི་དངོས་གཞིིའི་འོས་གྲངས་ཕྱོགས་བསྡོམས་རེའུ་མིག་གཏན་འབེབས་ནང་གསལ་ལྟར་སྒུག་ཐོ་ཨང་དང་པོ་བླ་མ་འཕྲིན་ལས་མཆོག་ལ། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣ འཁོད་བསྐོ་གཞག་གནང་བའི་བསྐོ་རྒྱ་དང་སྦྲགས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༨ གོང་ལས་འཁུར་དམ་འབུལ་གནང་རྒྱུའི་ཆེད་སྤྱི་འཐུས་ཚོགས་དྲུང་ལས་ཁུང་ལ་འབྲེལ་ལམ་གནང་དགོས་གསལ་ཡོད། དེར་བླ་མ་འཕྲིན་ལས་མཆོག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༦ འཁོད་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལྷན་རྒྱས་མཆོག་གི་མཚན་ཐོག་ཕུལ་བའི་ཞུ་སྙན་ནང་། ཕྲན་རང་སྔོན་དུས་ནས་ཕྱི་ཟླ་ ༣ ཚེས་ ༢༡ ནས་ཝ་ར་ཎཱ་སི་ཁོར་ཡུག་ཚོགས་ཆེན་གོ་སྒྲིག་དུས་བཀག་ལྟར་བཅར་རྒྱུ་གཏན་འཁེལ་ཟིན་པ་སོགས་ཀྱི་རྐྱེན་པས། ད་ལམ་བཀའ་བརྒྱུད་སྤྱི་འཐུས་མིང་ཁོངས་ནས་རེ་ཞིག་དགོངས་ཞུ་མི་བྱ་ཐབས་མེད་བྱུང་སོང་ཞེས་དགོངས་ཞུ་གནང་བར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༧ འཁོད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕྱག་བྲིས་ཕུལ་བའི་ནང་བླ་མ་འཕྲིན་ལས་མཆོག་ནས་དགོངས་ཞུ་གནང་བ་དང་། སྒུག་ཐོ་གཞན་རྣམས་བརྒྱ་ཆ་ལོན་མེད་པ། བར་མའི་འོས་བསྡུ་དུས་ཐུང་ནང་ཡོང་ཐབས་མེད་གནས་སོགས་གསལ་ཡོད་པའི་གནས་ཚུལ་དུ། བོད་མི་མང་སྤྱི་ལྷན་ཚོགས་དྲུང་ལས་ཁུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༨ ལ།