ཕྱི་ལོ་ ༢༠༠༡ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད།

༄༅  །།རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན༌པོས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ལཧར་བཅས་སྲི་ཞིའི་གཙུག་རྒྱན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ཙོང་ཁའི་ནང་ཚན་སྐུ་འབུམ་སྟག་འཚེར་ཁྱིམ་གཞིས་སུ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་སྐུ་འཁྲུངས་ཤིང༌༸རྒྱལ་དབང་ཕྱག་ན་པད་དཀར་འཆང་བ་རིམ་བྱོན་གྱིས་ཐུགས་བསྐྱེད་སྨོན་ལམ་གྱི་ནུས་མཐུ་དང༌།  བོད་ལྗོངས་ལཧ་བླའི་ཐུགས་དམ་བཀའ་ལུང་རྩེ་མཐུན་གྱིས་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་མཚམས་ཕྱི་ལོ་ ༡༩༣༩ ལོར་རང་གི་སྐྱོང་ཡུལ་གངས་ཅན་ལྗོངས་ཀྱི་རྒྱལ་ས་ལཧ་ལྡན་ཞིང་སར་གདན་ཞུ་དང་འབྲེལ་ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་སྟེགས་པའི་གསེར་གྱི་ཁྲི་འཕངས་མཐོན་པོར་མངའ་གསོལ་རང་ཅག་བོད་འབངས་རྣམས་ལ་བཀྲིན་ཟླ་མེད་༸གོང་ས་ལཧ་མིའི་རྣམ་འདྲེན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆོས་སྲིད་མཛད་འཕྲིན་མུ་མཐའ་མེད་པ་ཞིག་བསྐྱངས་དང་སྐྱོང་བཞིན་པའི་ཁོངས་སྙིང་བསྡུས་ཤིག་ཞུས་ན་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱི་དྲག་པོའི་དཔུང་སྡེས་བོད་ཀྱི་ཤར་ཕྱོགས་ས་མཚམས་སུ་བཙན་འཛུལ་དཔུང་འཇུག་བྱེད་འགོ་བཙུགས་ཏེ་རིམ་བཞིན་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་མ་བདག་བདག་བཟུང་གིས་ཆབ་སྲིད་གནས་བབ་ཛ་དྲག་ཉེན་ཆེར་གྱུར་ཡོད་སྟབས. བོད་ལྗོངས་ལཧ་སྡེ་མི་སྡེ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་མགོན་པོ་གང་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཤིང༌ས།  དེ་ནས་བཟུང་བོད་རྒྱའི་དཀའ་རྙོག་མཐའ་དག་ཞི་མཐུན་འགྲིགས་འཇགས་ཀྱི་སེལ་ཐབས་སྐོར་རྒྱ་གཞུང་རང་ལ་མེས་འཚིགས་མེར་གཏུགས་འབྲེལ་མོལ་ལན་རྒུ་ཆད་མཐུད་གནང༌བ་ལོ་དགུའི་རིང་རྒྱ་རིགས་ཞི་དྲག་འགོ་ཁྲིད་རྣམས་ལའང་འཚེ་མེད་ཞི་བའི་སྒོ་ནས་ཐབས་མཁས་ཐུགས་རྗེས་འབྲེལ་ལམ་མཛད་སྟབས་བོད་མི་རྣམས་གནས་སྐབས་མི་བསད་ཁྲག་སྦྱོར་དྲག་གནོན་ལས་སྐྱབས. དུས་མཚུངས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་བོད་ཀྱི་ཆབ་སྲིད་འགྲོ་ལུགས་གང་ཅི་རང་དབང་མང་གཙོ་དང་མཐུན་པ་འགྱུར་ཐབས་བོད་འབངས་ཉམ་ཐག་རྣམས་ཀྱི་དཀའ་སེལ་འཚོ་གཟིགས་སུ་བུན་རྙིང་རྩ་ཆག་མཛད་རྒྱུས་མཚོན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་ལ་སྨན་པའི་ལེགས་སྤེལ་ཉེས་འགོག་གི་སྒྱུར་བཀོད་ཐབས་བྱུས་ལཧུར་བཞེས་སྒོ་གང་ས་ནས་མཛད་མུར་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་བཟོས་མཐར་བོད་ས་ཡོངས་རྫོགས་རྒྱ་མིའི་དབང་འོག་ཏུ་འཚུད་སྟབས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་མཐུ་མེད་བྱུང་ཞིང༌།  རྒྱ་གར་དུ་ཕེབས་མ་ཐག་རང་ཡུལ་རང་དབང་སླར་གསོའི་ལས་ཐབས་གཙོ་བོར་བོད་གཞུང་གི་སྒྲིག་འཛུགས་བཀོད་སྒྲིག་གསར་དུ་གནང་བ. སྔོན་གྱི་དགོངས་བཞེད་མཇུག་སྐྱོང་གི་ཚུལ་དུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་རང་དབང་མང་གཙོར་འགྱུར་བའི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལཧན་ཚོགས་སྒྲིག་འཛུགས་དང་འབྲེལ་འཐུས་མི་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་བྱས་ཏེ་ད་ཆ་སྤྱི་འཐུས་སྐབས་བཅུ་གསུམ་བར་འགྲོ་བ། བོད་མི་རིགས་ཀྱི་ངོ་བོ་མ་བརླག་ཅིང༌།  བོད་མི་རྣམས་རང་གར་ཁ་འཐོར་དུ་གནས་སྡོད་མ་ཡིན་པར་མཉམ་རུབ་གནས་ཐབས་སུ་འཚོ་རྟེན་སོ་ནམ་ཞིང་ལས་དང༌།  ལག་ཤེས་བཟོ་གྲྭ་ཁག་ལ་ན་ཚོད་དང་བསྟུན་པའི་རིམ་བཏང་གནང་སྟབས་ད་ཆ་བོད་མི་ཕལ་མོ་ཆེ་རང་ཁ་རང་གསོ་གཞན་གྱིས་ཡིད་སྨོན་བྱ་ཡུལ་ཆགས་པ་ཁྱད་པར་གང་གི་ཕེབས་རྗེས་སུ་སྙེགས་འབྱོར་བོད་རིགས་གཞོན་སྐྱེས་རྣམས་ལ་དེང་དུས་རིག་གསར་ཤེས་ཡོན་རྐྱང་པས་དགོངས་བཞེས་གནང་ཚེ་རྒྱ་གར་ཡུལ་མིའི་སློབ་གྲྭ་ཚད་ལྡན་ཁག་ནང་དུས་གཅིག་ཏུ་བགོས་འགྲེམས་འཇུག་གཏོང་སྟབས་བདེ་ཡོང་གནས་ཀྱང༌མི་རྒྱུའི་མཐུན་རྐྱེན་འཛོམས་མིན་དང༌།  དཀའ་ངལ་གནས་སྟངས་ལ་ཐུགས་སྟོབས་ཆེན་པོས་གདོང་ལེན་གྱིས་བོད་ཕྲུག་ཁེར་གཙང་གི་གཏན་ཉིན་སློབ་གྲྭ་རིམ་འཛུགས་གནང་སྟེ་ད་ལྟའི་ཆར་སློབ་གྲྭ་བརྒྱ་ལ་ཉེ་བའི་ནང་ནས་སློབ་ཕྲུག་སྒྲོ་གཤོག་གཉིས་ལྡན་བརྒྱ་ཕྲག་ཁ་ཤས་ལོ་ལྟར་སློབ་ཐོན་གྱིས་ད་ཆ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་ཁྱབ་ཁོངས་དང་བཅས་པའི་ལས་བྱེད་ཁོངས་བརྒྱ་ཆ་ ༩༩ བཙན་བྱོལ་ནང་འཚར་ལོངས་བྱུང་ཞིང་སློབ་ཐོན་གྱིས་རང་མིས་རང་ལས་བྱེད་བཞིན་ཡིན་པ་དང༌བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་སླར་གསོའི་ཆེད་དུ་བོད་མིའི་སྡོད་སྒར་ཁག་ནང་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་གྲྭ་ཚང་བརྒྱ་ཕྲག་ཁ་ཤས་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ལའང་བོད་ཀྱི་ཆོས་རིག་དང་འབྲེལ་བའི་ཆོས་ཚོགས་མང་པོ་གསར་འཛུགས་ཐུབ་སྟེ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཙམ་མ་ཟད།

བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་སྲི་ཞུ་བསྒྲུབ་པ་སོགས་མདོར་ན་བཙན་བྱོལ་བོད་མིའི་གནས་སྟངས་ཡར་རྒྱས་འབུར་ཐོན་ཀུན་གྱི་བསྔགས་ཡུལ་དུ་གྱུར་པ་མ་ཟད་རང་དབང་སྔ་སོར་ཆུད་ཐབས་སུ་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་སྐུ་ཚབ་ཆེད་གཉེར་གྱིས་བོད་ཀྱི་བདེན་དོན་གནས་ལུགས་ཞུ་བསྐུལ་གླེང་སློང་སྔ་རྗེས་གནང་བ་དང༌། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་སྲིད་གཞུང་གི་དབུ་ཁྲིད་དང༌. གྲོས་ཚོགས་ཀྱི་མི་སྣ་མཇལ་འཕྲད་ལཧག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དགོངས་ཡངས་དཀྱིལ་ཆེའི་སྒོ་ནས་ལམ་དབུ་མའི་ཐབས་ལམ་ལཧུར་བཞེས་ཀྱིས་གཉིས་སྨན་ཆེད་ཨ་རི་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང༌།  སི་ཊ་སི་སྦག་ཡོ་རོབ་གྲོས་ཚོགས་སར་ཞིབ་འགྲེལ་གསུང་བཤད་སྩལ་བའི་སྙིང་པོར་བོད་མིར་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་དང༌།  བོད་རྒྱ་གཉིས་གནའ་འབྲེལ་མཉམ་གནས་ཡོང་ཐབས་ཀྱི་ལཧག་བསམ་རྣམ་དག་གི་དགོངས་བཞེས་ཐབས་ལམ་ཞིག་ཡིན་རུང༌རྒྱ་ཕྱོགས་ནས་རྣམ་དོག་གུ་དོག་མཁྲེག་བཟུང་ཁོ་ནས་ད་དུང་གྲོས་མོལ་འགོ་འཛུགས་མ་ཐུབ་ཅིང༌དེ་ལས་ལྡོག་ཏེ་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་ཁག་ཏུ་ཆིབས་བསྒྱུར་མཛད་རིམ་ནམ་ཡོད་ལ་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་སྤེལ་ལུགས་སོགས་མ་ཉེས་ཁག་གཡོག་གིས་གཡོལ་ཐབས་བྱེད་བཞིན༌པ་ དེ་དང་ཆབས་ཅིག་བོད་ནང་སྲིད་བྱུས་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད།

གང་ལྟར་གོང་དུ་མཛད་རྣམ་སྙིང་བསྡུས་ཤིག་འགོད་འབུལ་ཞུས་པ་ནང་གསལ་རང་རེའི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཁག་ནི་༸གོང་ས་ཆེན་པོའི་མཛད་འཕྲིན་ཁོ་ན་ལས་བྱུང་བར་བརྟེན། བོད་འབངས་སུ་གཏོགས་ཚད་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་ངང་བཀྲིན་རྗེས་དྲན་ཞུ་འོས་ཐོག བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་སྐྱེས་ཁུངས་སོགས་ཀྱི་ཕྱོགས་ལཧུང་བསམ་ཚུལ་དྲི་མས་མ་གོས་ཤིང་མཐུན་ལམ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་དང༌།  ཕྱི་ནང་དགྲ་བོའི་དབྱེན་སྦྱོར་དཀྲུག་ཤིང་འོག་གཡམ་རྒྱུགས་སུ་མ་སོང་བར་རང་ཚུགས་རྣམ་དཔྱོད་དང་ལྡན་ཞིང༌།  སྤྱི་མཐུན་གོང་བུའི་ནུས་ཤུགས་སྲ་བརྟན་བྱ་རྒྱུ་སོགས་མདོར་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་ཞུམ་པ་མེད་པའི་ངང་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་ཐོད་བཅིང་གིས་བཀའ་བཞིན་བསྒྲུབ་པ་མཆོད་པས་མཉེས་པ་དང༌།  རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་དམ་བཅའ་བསྐྱར་གསོ་བྱ་རྒྱུ་ནི་འཁྲུངས་སྐར་གྱི་ལེགས་སྐྱེས་འབུལ་མཚོན་དམ་པ་ཞིག་ཡིན།

ད་ལམ་གོ་སྐབས་འདི་དང་བསྟུན་ནས་སྐབས་དོན་གནས་ཚུལ་ཞུ་རྒྱུ་ཁག༌ནི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལཧན་ཚོགས་ཀྱི་སྐབས་ ༡༣ པའི་སྤྱི་འཐུས་རྣམས་ཀྱིས་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ལས་ཁུར་དམ་ཕུལ་རྗེས་གསར་མཇལ་དང་འབྲེལ་ལས་སྒོར་དངོས་ཞུགས་ཟིན་ཅིང༌སྤྱི་འཐུས་རྣམས་ཕྱོགས་བགོས་ཀྱིས་རྒྱ་བལ་ཁུལ་རང་རིགས་འདུ་སྡོད་ས་ཁུལ་ཁག་ནང་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲི་གཟིགས་སྐོར་དང༌། མང་གཙོ་དང་འབྲེལ་བའི་ཆབ་སྲིད་ལམ་སྟོན་གསེས་བཀྲོལ་སྤྱི་བྱེའི་དྲིལ་བསྒྲགས་སློབ་གསོ་དེ་བཞིན་ད་ལམ་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་སློབ་ཕེབས་དགོངས་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རིགས་འཁོས་ཞན་ཉམ་ཐག་དཀའ་ངལ་དངོས་འབྲེལ་ཡོད་རིགས་ཀྱི་བདེ་སྡུག་རྟོག་ཞིབ་ཐོག་འཛིན་སྐྱོང་བཀའ་ཤག་གིས་དབུས་འབྲེལ་ཡོད་ལས་ཁུངས་ཁག་གིས་མཁྱེན་རྟོགས་དང་འབྲེལ་དཀའ་སེལ་ཕན་གྲོགས་གང་ཐུབ་ཞུ་སེམས་ཡོད་པ་ལྟར་གོང་སྐོར་འབྲེལ་ཡོད་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཡོང་བ་བོད་མིའི་མང་གཙོའི་འགྲོ་ལུགས་འཕེལ་རིམ་གང་ཅི་འཛམ་གླིང་ནང་ཡར་ཐོན་སྤྱི་སྲོལ་གྱི་ལམ་ལུགས་འགྲོ་སྟངས་དང་མཐུན་ཞིང༌། མང་གཙོ་དོན་དམ་མཚན་ཉིད་ཚང་བའི་ཚགས་ཚུད་ཡར་རྒྱས་མདུན་བསྐྱོད་ཐུབ་ཐབས་སུ་བཙན་བྱོལ་ནང་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་ཕྱག་བཞེས་རིམ་པ་བསྐྱངས་ཡོད་ཅིང༌།

ཁ་སྔོན་ཕྱི་ཟླ་ ༣ པའི་ནང་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལཧན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའི་སྐབས་སུ་༸གོང་ས་མཆོག་ཆེད་དུ་ཆིབས་སྒྱུར་ཞབས་བཀོད་དང་འབྲེལ་དགོངས་འཆར་བཀའ་སློབ་ཕེབས་དགོངས་བཞིན་བཀའ་བློན་ཁྲི་པའི་འོས་འདེམས་བྱ་ཕྱོགས་སྐོར་གྲོས་ཚོགས་སུ་སྤྱི་ཡོངས་བགྲོ་གླེང་སྦྱང་བཤད་ཉིན་བསྟུད་གནང་བ་དང༌།  དེ་རྗེས་སྤྱི་འཐུས་རྣམས་ཚོགས་ཆུང་དུ་ཆ་བགོས་ཀྱིས་ཇི་དགེའི་བསམ་ཞིབ་གྲོས་བསྡུར་ཞིབ་ལཧོང་མུ་མཐུད་ཞུས་མཐར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། འོས་བསྡུའི་སྒྲིག་གཞི་སོ་སོར་སྐབས་དོན་བསྐྱར་བཅོས་དང་འབྲེལ་བྱེས་སྡོད་རྒྱ་ཆེའི་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་ཀྱི་ལས་རིམ་འགྲོ་མུས་ལྟར་རིང་མིན་དངོས་གཞིའི་འོས་བསྡུ་བྱ་གཏན་འཁེལ་ཡོད་ཅིང༌།  བཀའ་བློན་ཁྲི་པའི་མི་འགྲོ་ཐད་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་དབུ་འོག་དཔུང་འདེགས་དང༌། བོད་མིའི་རྩ་དོན་བསྒྲུབ་བྱ་རང་ཡུལ་རང་དབང་སླར་གསོའི་ལས་ཐབས་གང་ཅིར་སྲི་ཞུ་འཁུར་བསྐྱེད་བསྒྲུབ་ངེས་དྲག་འདེམས་ཐུབ་ཐབས་སུ་མང་ཚོགས་ནས་འགན་འཁུར་ཆེ་ཙམ་དགོས་གལ།

མཚོ་སྔོན་གོར་མོ་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལཧ་ས་བར་མེ་འཁོར་ལྕགས་ལམ་གསར་སྐྲུན་དང༌།  ཚ་འདམ་ནས་ལན་ཀྲུ་བར་རླངས་སྣུམ་ལྕགས་མདོང་འདྲེན་མཐུད་ཀྱི་ལས་འཆར་གྱིས་མཚོན་ནུབ་བརྒྱུད་གསར་སྤེལ་གྱི་ལས་གཞི་ཁག་ནི་རྒྱ་རིགས་ཁྱོན་ཆེ་བོད་ཀྱི་ས་ཁུལ་ཁག་ནང་གཏན་གཞིས་སྤོ་ཞུགས་ཀྱིས་རིམ་པས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་དབང་བསྒྱུར་བྱ་རྒྱུའི་རྒྱ་བསྐྱེད་རིང་ལུགས་དང༌།  མི་སེར་སྤེལ་ཡུལ་གྱི་ཕུགས་ཡུལ་ངན་འཆར་ཞིག་ལས་བོད་དང་བོད་མིར་འཕྲལ་ཕུགས་གང་ལའང་ཕན་ཐོགས་ཡོད་པ་ཞིག་མ་ཡིན་པས་འདི་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་བཞིནཕྱི་ལོ་ ༢༠༠༨ ལོའི་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་མགྲོན་བདག་གི་ཐོབ་ཐང་རྒྱ་ནག་ལ་འོས་ཐོབ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་མུས་ཀྱང༌།  རྒྱ་ནག་དབང་འཛིན་པ་ཚོས་བོད་ནང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནས་སྟངས་ལ་རྩེད་འགྲན་གོ་སྒྲིག་འགན་འཁུར་ཚོགས་ཆུང་ནས་དགོངས་བཞེས་ཀྱིས་བཀག་འགོག་ཡོང་བ་དང༌. དེ་བཞིན་འཛམ་གླིང་རྒྱ་ཆེའི་མང་ཚོགས་ནས་ཀྱང་འདི་སྐོར་མུ་མཐུད་རྒྱབ་སྐྱོར་ཡོང་བ་ཞུ་རྒྱུ་མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང༌།  ཐུགས་བཞེད་འབད་མེད་ལཧུན་གྱི་འགྲུབ་པ་དང༌།  བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས་བོད་མི་མང་སྤྱི་འཐུས་ལཧན་ཚོགས་ཀྱིས་ ༢༠༠༡ ཟླ་ ༧ ཚེས་ ༦ ལ།།