དྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལས་ཁུངས་གསར་པ་དབུ་འབྱེད།

 

ཕྱི་ལོ་ ༢༠༡༣  ཟླ་ ༧  ཚེས་  ༦ ཉིན་རྒྱབ་དྷ་ས་ས་གནས་མདོ་སྨད་རྒྱུན་ལས་སྐབས་བཅུ་གཉིས་པའི་ངོས་

ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་

རྒྱུན་ལས་ཀྱི་ལས་ཁུངས་གསར་པ་ཞིག་དྷ་ས་བཀྲ་ཤིས་ཆོས་གླིང་ཁང་གསར་དུ་དབུ་འབྱེད་གནང་ཡོད་

པ་དང་།   སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་ཀརྨ་ཆོས་འཕེལ་

མཆོག་ཕེབས་ཏེ། ཁོང་གིས་ཚོན་སྣ་ལྔ་ལྡན་གྱི་རས་དར་གཅོད་བྲེགས་དང་།  ༸རྒྱལ་བའི་སྐུ་པར་རིན་པོ་

ཆེའི་སྐུ་མདུན་དུ་སྣང་གསལ་ཞལ་ཕྱེ་དང་མཇལ་དར་སྒྲོན་འབུལ། མཎྜལ་རྟེན་དོད་འབུལ་ལམ་སོགས་

ཞུས་ཏེ་ལས་ཁུངས་གསར་པ་སྒོ་འབྱེད་གནང་ཡོད་པ་རེད། དེ་རྗེས་ས་རྒྱུན་དྲུང་ཆེས་མཛད་རིམ་སྙན་

སྒྲོན་དང་། ས་གནས་ཚོགས་གཙོས་ལས་ཁུངས་གསར་པའི་སྐོར་དང་། རྒྱུན་ལས་ཀྱི་ལས་བསྡོམས་སྙན་

སྒྲོན་ཞུས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་མཆོག་གིས་ལས་ཁུངས་གསར་པ་དབུ་འབྱེད་ཐུབ་པར་དགའ་

བསུ་དང་བསྔགས་བརྗོད་ཡོད་སྐོར་སོགས་ཀྱི་གསུང་བཤད་སྙིང་བསྡུས་ཤིག་ཀྱང་གནང་ཡོད་པ་རེད།