དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དཔེ་དེབ་གསར་པ་དབུ་འབྱེད་གནང་བ།

2015.12.30, Wed. Ex. Chetue & Ex. LTWA staff, Mr. Drakpa Namgyal's Book Release in LTWA conference hall.

ཕྱི་ལོ་༢༠༡༥ཟླ་༡༢ཚེས་༣༠ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དཔར་སྐྲུན་གནང་བའི་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས་ཀྱིས་རྩོམ་འབྲི་གནང་བའི་བོད་ཀྱི་ལོ་རྒྱུས་སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྟེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན་ཞེས་བྱ་བ་ཞུགས་སོ།དཔེ་དེབ་དེར། དཀར་ཆག་ཁག་ཅིག་ཡོད་པ་ལས།དེ་དག་ནི་མངའ་རིས་སྐོར་གསུམ་དང་།གཞུང་པ་མ་མཚན་པའི་ཆགས་རབས།སྡེ་ཚོའི་མགོ་དཔོན། ཆོས་ཕྱོགས་ཀྱི་སྐོར།རྒྱ་དམག་བོད་དུ་བཙན་འཛུལ་བྱས་པ་བཅས་ཁྱོན་ཤོག་ངོས་༣༦༤ཙམ་ཡོད། སྐབས་དེར་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་ཀྱང་དེ་ལྟར་གནང་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་གྲགས་པ་རྣམ་རྒྱལ་ལགས་ལྟ་བུ་ཡིན་ན་དགུང་ལོ་༧༦ཙམ་ལ་བསླེབས་ཀྱི་ཡོད་སྟབས།ཕལ་ཆེར་བོད་ནས་ཕེབས་སྐབས་ལོ་༡༨,༡༩དང་༢༠ཙམ་ཆགས་བསྡད་ཡོད་རྒྱུ་རེད། བོད་ས་མ་ཤོར་གོང་དུ་སོ་སོའི་ལུང་པའི་ནང་གི་གནས་ཚུལ་ངོ་མ་གང་འདྲ་ཡིན་གང་ལ་གང་ཙམ་རྒྱུས་མངའ་ཡོད་པ་དང་།ལྷག་པར་དུ་ཁོང་གི་ཡབ་དེ་མངའ་རིས་ས་ཁུལ་སྤྱི་ཁྱབ་ཀྱི་འགན་བཞེས་མཁན་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་མི་སྣ་ཞིག་ཆགས་ཡོད། དེབ་འདིའི་ཟུར་རྒྱན་ནང་དུ་སྔ་མོར་ཕར་ཚུར་ཡིག་འབྲེལ་བྱས་པའི་གནས་སྟངས་མང་པོ་ཞིག་བཀོད་ཡོད་སྟབས།གྲགས་པ་རྣམ་རྒྱལ་ལགས་ཀྱིས་བོད་ནང་ལོགས་སུ་ལོ་༢༠ཙམ་རིང་མི་ཚེ་བསྐྱལ་བའི་ཉམས་མྱོང་དང་། དེ་ནས་རྒན་རབས་ཚོར་མཐུད་པའི་གནས་ཚུལ།ཡིག་ཆ་ལ་བལྟས་པའི་དངོས་ཡོད་གནས་ཚུལ།དེ་ནས་བཙན་བྱོལ་ནང་ཕེབས་ཏེ་ཐོག་མར་སྦག་ས་དང་མི་ས་མ་རི། ཧི་མ་ལ་ཡའི་རྒྱུད་དུ་ལམ་བཟོ་རྒྱུགས་པའི་སྐབས། མ་ནཱ་ལི་རུ་སྤྱི་པའིབརྒྱ་དཔོན་གྱི་འགན་འཁུར་བ་དང་། དེ་ནས་གཞིས་ཆགས་འཛུགས་སྐབས་ཀོ་ལི་སྒལ་གྱི་གནས་སྟངས་བཅས་ས་བཅད་ལྔ་ཡི་ཐོག་བགོ་བཤའ་བརྒྱབ་ནས་བཀོད་ཡོད་པ་རེད། དེ་ཡིན་དུས་ད་གིན་གྲགས་པ་རྣམ་རྒྱལ་ལགས་ཀྱིས་གསུངས་པ་ནང་བཞིན་ཕྱག་དེབ་དེར་མར་གཟིགས་གནང་པ་ཡིན་ན། ང་ཚོ་ཚང་མས་ཞིབ་ཕྲ་མཁྱེན་རྟོགས་གནང་གི་རེད།ད་གིན་དཀར་ཆག་དེ་ངོ་སྤྲོད་གནང་སོང་། དེའི་ནང་ལོགས་ནས་ས་བཅད་དང་པོ་དེ་མངའ་རིས་སྐོར་གསུམ་རེད་བཞགང་རང་ཚོའི་བོད་རིགས་ཀྱི་དཔལ་ཡོན་ཐོག་མ་དེ་སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་སྟངས་རེད། རྒྱལ་རབས་ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན་སྒར་ཁོངས་རྒྱལ་རབས་དང་འབྲེལ་བ་ལོ་རྒྱུས་རྙིང་པར་གཏུགས་སྐབས་ང་རང་ཚོ་བོད་པའི་ལོ་རྒྱུས་དང་དཔལ་ཡོན་གཉིས་ཀྱི་རྩ་བ་གཏུགས་ས་དེ་མངའ་རིས་ནས་མར་ཡོང་བསྡད་པའི་གནས་སྟངས་དེབ་མང་པོའི་ནང་ཏན་ཏན་ཐ་རེ་ཐོར་རེ་བཀོད་ཡོད་པ་རེད། ད་རེས་དེབ་དེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་གི་མཐུན་འགྱུར་འོག་ནས་མར་སྟོན་ཡོང་དུས་མངའ་རིས་སྐོར་གསུམ་ཆ་ཚང་ཕྱོགས་ཐམས་བཅད་ནས་ལོ་རྒྱུས་སྙིང་བསྡུས་ཅིག་ཚང་མ་ལོག་གི་གཟིགས་ལས་སླ་པོ་ཞིག་ཆགས་ཡོད་རེད་བསམ་པའི་རེ་བ་དེ་ཞུ་གི་ཡོད། ད་ག་ནང་བཞིན་གྱི་ཁོང་རང་འཁྲུངས་སའི་གཞུང་པ་མ་མཚན་པའི་གནས་སྟངས་སྐོར་ཡིན་པ་ཡིན་ནའང་རེད།དེ་ཚོའི་སྤྱི་ཁྱབ་བསྐོ་སྟངས་རེད། སྒར་ཕན་ཚུན་བསྐོ་སྟངས་རེད། དེ་ཚོའི་གཞུང་རྒྱུགས་བྱེད་སྟངས་རེད། ཁྲལ་འགྲོ་སྟངས་དེ་ཚོ་ཚང་མ་ཞིབ་ཚགས་པོ་བཀོད་གནང་ཡོད་ས་རེདདེའི་སྐབས་ཀྱི་ལོ་རྒྱུས་གནས་སྟངས་ག་རེ་ཡོད་མེད་དང་། དེ་ནས་མར་བཙན་བྱོལ་ནང་ལ་སླེབས་པའི་གནས་སྟངས་རེད། བཙན་བྱོལ་ནང་ལ་དངོས་གནས་བྱས་ན་དེབ་དེའི་འོག་ནས་མར་མཐུད་ཕྱིན་པ་ཡིན་ན་ཏན་ཏན་གྲགས་པ་རྣམ་རྒྱལ་ལགས་ཀྱི་ཉམས་མྱོང་ལ་བྱས་ན་ཞིབ་ཚགས་པོ་བྱས་ནས་འབྲི་ཡག་ཕལ་ཆེར་ཡོད་རེད་བསམ་གྱི་འདུག ཡིན་ནའང་ཀོ་ལི་གྷལ་བར་དུ་མཚམས་བཞག་གནང་བཞག དེ་རྗེས་སུ་སྤྱི་ཚོགས་ནང་ལོགས་ལ་ཕྱག་ལས་གནང་པ་དང་། ལྷག་པར་དུ་སྐབས་གཉིས་པའི་སྤྱི་འཐུས་ཡེ་ཤེས་དབྱིངས་དཔྱད་ཐོག་ནས་བསྐོ་བཞག་བྱུང་བའི་སྐབས་རེད། དཔེ་མཛོད་རང་ལ་ཕྱག་ལས་གནང་ནས་ལོ་མང་པོ་ཞིག་འགྲོ་ཡི་ཡོད་ཙང་། དཔེ་མཛོད་ནས་མར་གངས་ཅན་སྐྱིད་གཤོངས་ལ་གཟིགས་ནས་རྡ་རམ་ས་ལའི་གནས་སྟངས་ཐོག་ལ་ཏན་ཏན་མང་པོ་ཞིག་འབྲི་ཡག་ཡོ་རེད་བསམ་གྱི་འདུགད་རེས་དགོས་པའི་དབང་གི་གནའ་དེང་གི་ལོ་རྒྱུས་དེ་འདྲ་ཙམ་ཞིག་འབྲི་གནང་བཞགདེ་ཡིན་དུས་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སྤྱི་ཚོགས་ནང་ལ་བོད་རང་ནས་ཐུགས་འགན་བཞེས་པ་དང་། བཙན་བྱོལ་ནང་ལ་ཕེབས་ནས་སྤྱི་ཚོགས་ནང་ལ་འགན་བཞེས་པ།དེ་ཚོའི་ཐོག་ལ་ཡིན་པ་ཡིན་ན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གཉིས་ཐོག་ནས་ཕྱག་རྟེན་རེ་རེ་གནང་བཞགདེ་ཡིན་དུས་བོད་མི་མང་སྤྱི་འཐུས་ལྷན་ཆོགས་ནས་ད་ལྟ་བར་དུ་ཁྱེད་རང་གིས་བོད་སྤྱི་དོན་གྱི་ཆེད་དུ་སྐུ་ལས་བསྐྱོོན་བཞག་པ་དེ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེའི་ཐོག་མི་རབས་རྒན་པ་ཚོ་རྫོགས་འགྲོ་བཞིན་ཡོད་པས། ཁྱེད་རྣམ་པས་སྔ་མོའི་བོད་ཀྱིའགྲོ་སྟངས་དང་སོ་སོ་བཞུགས་པའི་རིང་གི་ཉམས་མྱོང་། མཐོང་ཚོར་དེ་ཚོ་ཚང་མ་བྲིས་མ་གནང་བ་ཡིན་ན།མི་རབས་རྗེས་མ་ཚོར་གཟིགས་ས་ཞིག་མེད་དུས། དེབ་འདི་ལ་ཏན་ཏན་དུས་ཚོད་མང་པོ་ཞིག་བཏང་ཡོད་སྟབས། འབྱུང་འགྱུར་མི་རབས་ཚོར་དེབ་འདིས་སྟོད་མངའ་རིས་སྐོར་གསུམ་གྱི་བྱུང་སྟངས་དང་། བྱུང་རབས་ངོས་མ་ཟིན་པའི་གནས་སྟངས། དེ་ནས་བཙན་བྱོལ་ནང་བསླེབས་པའི་གནས་སྟངས་སྐོར་ལ་ཏན་ཏན་ཞིབ་འཇུག་བྱེད་པར་ཐུགས་ཕན་གསོ་ཐུབ་པ་ཞིག་འདུགདེར་བརྟེན། གྲགས་པ་རྣམ་རྒྱལ་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་དེབ་འདི་བརྩམས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དེབ་འདི་པར་སྐྲུན་བྱས་པ་དང་། དེ་ཙམ་མ་ཟད་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་ཀྱི་ཐོག་ནས་ཏག་ཏག་བསྡད་ཡོད་མེད་སོགས་ལ་བལྟས་ནས་མ་འགྲིག་པ་འགྲིག་པ་བཟོ་བའི་ཕན་ཐོགས་བྱུང་ཡོད་པ་རེད་བསམ་གྱི་འདུག ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་ལས་མི་ཚང་མར་ཐུགས་རྗེ་ཆེ་བཅས་གསུངས།