དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་སྒང་ཏོག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ནས་ ༢༡ བར་སྒང་ཏོག་ཏུ་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་སྒང་ཏོག་དང་། ར་ཝང་ལ་གཞིས་ཆགས། ཀ་སྦུག རྡོར་གླིང་། བསུ་ན་མདའ་བཅས་ཀྱི་ས་གནས་འཐུས་ཚོགས་དང་། ས་ནས་འགོ་འཛིན་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ལ་“ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་”ཞིག་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་ལྡི་ལི་ནས་སྒང་ཏོག་ཏུ་ཕེབས་ཐོན་གནང་རྒྱུ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ཕྱི་ཚེས་ ༡༥ ཉིན་སི་ལི་གྷུ་རི་ནས་སྒང་ཏོག་ཏུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ནས་ ༢༡ བར་ས་གནས་སུ་མཛད་འཆར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ཕྱི་ཚེས་ ༢༤ ཉིན་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་སྒང་ཏོག་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །