དཔལ་ལྡན་ཚོགས་གཞོན་མཆོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐོག་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་རྒྱ་གར་མངའ་སྡེ་ཡུ་པི་རྒྱལ་ས་ལཀ་ནའོ་རུ་བོད་དང་གངས་རིན་པོ་ཆེ་རང་དབང་ལས་འགུལ་གྱི་ཚོགས་ཆེན་ (Tibet Kailash Mukti Jan Sammelan) ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་ལྟར། ཕྱི་ཚེས་ ༡༦ ཉིན་ཚོགས་ཆེན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དཔལ་ལྡན་ཚོགས་གཞོན་མཆོག་འདི་ཟླའི་ཚེས་ ༡༥ ཉིན་བཞུགས་སྒར་རྡ་ས་ནས་ལཀ་ནའོ་རུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་ས་གནས་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།།