དཔལ་ལྡན་ཚོགས་གཞོན་མཆོག་གིས་བདམས་ཐོན་སྲིད་སྤྱི་གཉིས་ལ་འཚམས་འདྲི་གནང་བ།

༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་སྐབས་ ༡༦ པའི་འཛིན་སྐྱོང་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་མཆོག་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པ་ཚང་མར། དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་ཡོད།