དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལྡེ་ར་ལྡུན་ཁུལ་དང་། ཨ་རུ་ན་ཅལ་ནུབ་ཕྱོགས་རྟ་དབང་ཁུལ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ནས་ ༢༥ བར་ལྡེ་ར་ལྡུན་དང་ཨ་རུ་ན་ཅལ་ནུབ་ཕྱོགས་རྟ་དབང་ཁུལ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ཉིན་སྔ་དྲོ་ཚོགས་གཙོ་མཆོག་རྡ་ས་ནས་སེ་ལེ་ཁུའི་སློབ་གྲྭར་ཕེབས་ཏེ་ཚེས་ ༡༢ ཉིན་སྤོན་ཊ་བཟོ་གཞིས་ནང་ཡོད་སམ་བྷོ་ཊ་སློབ་གྲྭའི་འཛིན་གྲྭ་ ༦ པ་ནས་ ༡༢ བར་གྱི་དགེ་སློབ་ཡོངས་ལ་ཤེས་ཡོན་དང་འབྲེལ་བའི་སློབ་གསོ་དང་། ཆབ་སྲིད་དང་འཛིན་སྐྱོང་སོགས་ཀྱི་སྐོར་གསུང་བཤད་གནང་བ་དང། དགེ་སློབ་ཀྱི་རེ་སྐུལ་དང་བསམ་ཚུལ་དྲི་བ་ཞུས་རིགས་ལ་ལན་འདེབས་གསལ་བཤད་གནང་།

ཉིན་རྒྱབ་ནས་སེ་ལ་ཁུའི་སློབ་གྲྭའི་འཛིན་གྲྭ་ ༦ པ་ཡན་གྱི་དགེ་སློབ་ཡོངས་ལ་གོང་བཞིན་གསུང་བཤད་དང་། དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་གནང་།

ཚེས་ ༡༣ ཉིན་སྔ་དྲོར་ས་སྐྱ་ཆོས་སྒར་ཕྱག་བཏབ་ནས་མི་ལོ་ ༥༠ འཁོར་བའི་དུན་དྲན་མཛད་སྒོར་མཉམ་ཞུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གསུང་བཤད་གནང5་ཡོད།

ཚེས་ ༡༤ ཉིན་རྒྱབ་རཇ་པུར་དུ་ཡོད་པའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་སློབ་གྲྭའི་འཛིན་གྲྭ་ ༦ པ་ནས་ ༡༠ པ་བར་དང་དགེ་སློབ་ཡོངས་ལ་གོང་མཚུངས་གསུང་བཤད་གནང་རྗེས། བསམ་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། ཚེས་ ༡༥ སྔ་དྲོར་ཚོགས་གཙོ་མཆོག་མ་སུ་རིར་ཕེབས་ཏེ་གཏན་སློབ་དང་བོད་ཕྲུག་ཁྱིམ་སྡེའི་འཛིན་གྲྭ་ ༦ པ་ཡན་གྱི་སློབ་ཕྲུག་དང་དགེ་ལས་བཅས་ ༡༠༠༠ ཙམ་ལ་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་དང་ཁོང་རྣམ་པའི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཉིན་རྒྱབ་ནས་སློབ་གྲྭ་ཁག་གཉིས་སུ་གཟིགས་སྐོར་དུ་ཕེབས།

ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་སྔ་དྲོ་མ་སུ་རི་ནས་རཇ་པུར་ཕེབས་ཐོན་གནང་ནས་ཚེས་ ༡༧ ཉིན་བདེ་སྐྱིད་གླིང་སློབ་གྲྭའི་འཛིན་གྲྭ་དགུ་པ་ནས་བཅུ་གཉིས་བར་གྱི་དགེ་སློབ་ཡོངས་ལ་གོང་བཞིན་གསུང་བཤད་དང་དོགས་འདྲི་རྣམས་ལ་ལན་འདེབས་གནང་། ཉིན་རྒྱབ་ལྡེ་ར་ལྡུན་ནས་སྤྱི་སྤྱོད་རླང་འཁོར་བརྒྱུད་ལྡི་ལིར་ཕེབས།

Meeting with Tawang Tibetans

ཚེས་ ༡༩ ལྡི་ལི་ནས་གནམ་གྲུ་བརྒྱུད་ཕེབས་ཐོན་གནང་སྟེ་གྷོ་ཧ་ཀྲི་གནམ་ཐང་དུ་ཕེབས་འབྱོར་ཟིན་མཚམས་ཤི་ལོང་ས་འཐུས་ཚོགས་གཞོན་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་ནས་སྣེ་ལེན་དང་འབྲེལ། ཤི་ལོང་ས་འཐུས་ཚོགས་གཞོན་གྱིས་ཚོགས་གཙོ་མཆོག་དང་སྐུ་སྒེར་ནས་ཕེབས་པ་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ Tezpur ཕེབས་སྐྱེལ་གནང་བ་དང་། དེ་ནས་བསྟན་འཛིན་སྒང་གི་ས་འཐུས་ཚོགས་གཞོན་དང་འབུམ་སྡེ་ལ་ལས་དྲུང་གཉིས་ཀྱི་སྣེ་ལེན་དང་འབྲེལ། ཨ་རུ་ན་ཅལ་དང་ཨ་སམ་གྱི་ས་མཚམས་ཝ་ལུག་སྤོང་དུ་ཕེབས་ཏེ་རྟ་དབང་འགྲུལ་བསྐྱོད་ལས་འགུལ་གྱི་ཚོགས་མི་གྲངས་ ༨༥ ཡོད་པ་ཙམ་དང་མཇལ་འཕྲད་གནང་།

ཚེས་ ༢༠ སྔ་དྲོར་ཝ་ལུག་སྤོང་ནས་ཐོན་ཏེ་ལམ་བར་སྟེང་ཀ་དང་། འབུམ་སྡེ་ལ། ལྡི་རང་བཅས་སུ་ཚོགས་འདུ་རིམ་བཞིན་གནང་སྟེ་དེའི་དགོང་དྲོ་རྟ་དབང་དུ་ཕེབས་པ་དང་། བོད་རིགས་ ༥༠ ཙམ་ལ་གསུང་བཤད་གནང་།

ཚེས་ ༢༡ སྔ་དྲོར་རྒྱ་བོད་ས་མཚམས་འབུམ་ལར་ཕེབས་པ་དང་། སླར་ཡང་རྟ་དབང་དུ་ཉིན་རྒྱབ་ཏུ་ཕེབས་ཏེ་བོད་རིགས་དང་ཡུལ་མི་ལྷན་འཛོམས་ཐོག་མཉམ་ཞུགས་གནང་། དེ་རྗེས་སུ་དགོན་སྡེ་ཁག་གཉིས་ལ་གནས་གཟིགས་ཀྱང་གནང་། མགྲོན་ཁང་དུ་ལོག་རྗེས་མཚན་མོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་དང་ལྷན་དུ་ས་གནས་ཀྱི་གནས་བབ་དང་མི་མང་གི་བདེ་སྡུག་སྐོར་རྒྱུས་ལོན་གནང་བ་དང་འབྲེལ། ལམ་སྟོན་ཞུ་དགོས་ཁག་གནང་།

ཚེས་ ༢༢ ཉིན་འབུམ་སྡེ་ལར་མཚོ་སྣ་Tsoktso Speech at Dirangརིན་པོ་ཆེའི་དགོན་པར་ས་གནས་མི་མང་འདུ་བསྐོང་གི་ཚོགས་འདུར་མཉམ་ཞུགས་གནང་བ་དང་། དེ་ཉིན་རང་འབུམ་སྡེ་ལ་ནས་བསྟན་འཛིན་སྒང་གཞིས་ཆགས་སུ་ཕེབས་ཏེ་ས་གནས་འགོ་འཛིན་ལ་ལས་དོན་མཇུག་སྐྱོང་དགོས་རིགས་བཀོད་མངགས་གནང་།

ཚེས་ ༢༣ སྔ་དྲོར་བསྟན་འཛིན་སྒང་མི་མང་ལྷན་འཛོམས་ཡོངས་ལ་གསུང་བཤད་དང་། བསམ་ཚུལ་དང་དྲི་བ་ཡོད་པ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། ས་གནས་སུ་གཟིགས་སྐོར་དུ་ཕེབས། དེ་རྗེས་བསྟན་འཛིན་སྒང་ནས་ཕེབས་ཐོན་གྱིས་ཀ་ལག་ཐང་དུ་བོད་རིགས་དང་ཡུལ་མི་ལྷན་འཛོམས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་།

ཚེས་ ༢༤ ཉིན་བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱིས་ཕེབས་སྐྱེལ་དང་སྦྲགས། དེའི་དགོང་མོ་ལྡི་ལིར་ཕེབས་འབྱོར་ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་མཇུག་སྐྱོང་གནང་ཡོད།

ཚེས་ ༢༥ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་དུ།