དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡ ནས་ ༣ བར་ཧི་མ་ཅཱལ་མངའ་སྡེའི་ནང་ཡོད་པའི་ཀུ་ལུ་བྷུན་ཏར་དང་། བོན་གཞིས་ཐོབ་རྒྱལ་གསར་པ་བཅས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་རྡ་ས་ནས་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་འབྲུག་བདེ་ཆེན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དབུ་འབྱེད་མཛད་སྒོར་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༢ ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་གདུང་ཞུགས་འབུལ་སྐབས་ཆེད་བཅར་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།