དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཁམས་ཀཿཐོག་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡ ཉིན་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོར་དེ་གའི་གོ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་སྡེ་ར་ལྡུན་ནས་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་།  ཕྱི་ཚེས་ ༢ ཉིན་ས་གནས་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །