དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་ལ་དྭགས་སུ་བོད་མིའི་གཞིས་རིམ་སོ་ནམ་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༨ པ་འཚོགས་རྒྱུ་ཡིན་པ་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་རྒྱབ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་ལ་དྭགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༥ ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་བཅར་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༧ ཉིན་ལ་དྭགས་ནས་ཇ་མུར་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །