དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༣ ཉིན་ཡུ་པི་མངའ་སྡེའི་ཨ་ཡུ་དྷི་ཡ་ རཱམ་ ལྷ་ཁང་དུ་བོད་གཙོས་པའི་རྒྱལ་ཁབ་ཁག་ ༡༥༥ ཡི་རྩ་ཆེན་ཆུ་བསྡུ་རུབ་ལེགས་གྲུབ་ (Ayodhya Ram Mandir Jal Abhisekh) ཀྱིས་མཛད་སྒོ་ཞིག་དང་། ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་བཅས་ཀྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་བརྒྱུད་ཡུ་པི་ལག་ནའོ་གྲོང་ཁྱེར་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་ས་གནས་སུ་མཛད་འཆར་དང་། དེ་རྗེས་ལག་ནའོ་ནས་སྦེང་ལོར་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༥ ནས་ ༢༦ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༧ ཉིན་སྦེལ་ཀོབ་ནས་སྦེང་ལོར་ལ་ཕེབས་ཐོན་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༩ ཉིན་སྦེང་ལོར་ནས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །