དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཅོ་མཆོག་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་དྭགས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ཕེབས་པའི་སྐུའི་འཁྲུངས་སྐར་དགའ་སྟོན་མཛད་སྒོའི་ཐོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་ལྟར། བསོད་ནམས་གླིང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཚོགས་གཙོ་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཟླ་ ༧ ཚེས་ ༤ ཉིན་རྡ་ས་ནས་གྷ་གྷལ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་ལ་དྭགས་ཁུལ་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༦ ཉིན་ལ་དྭགས་སུ་སྐུའི་འཁྲུངས་སྐར་ཉིན་མོའི་མཛད་སྒོ་དང་བརྟན་བཞུགས་བཅས་ལ་ཆེད་བཅར་ཞུ་རྒྱུ་དང་། ཕྱི་ཚེས་ ༨ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།