དཔལ་ལྡན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྨར་ཚང་རྒྱལ་ཡོང་ཚོགས་པའི་དྲ་རྒྱའི་ལམ་ནས་སྨར་ཚང་བཀའ་བརྒྱུད་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ཆེད་དུ་དྲ་ཚིགས་ www.martsangkagyubfficial.org ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།_DSC0155

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག རྡ་སར་གནས་འཁོད་གསར་འགོད་པ་བཅས་ལྷན་འཛོམས་ཐོག་ཚོགས་གཙོ་སྦྲེལ་པོ་མཆོག་དང་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ དཔར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོའི་ལས་དོན་སྒྲུབ་ཚུལ། སྨར་ཚང་བཀའ་བརྒྱུད་ཉམས་གསོ་བྱེད་རྒྱུའི་ཀུན་སློང་སྐྱེ་ཚུལ་དང་སླར་གསོའི་གཞི་རྩ་ཡོད་མེད། ཆ་རྐྱེན་སྐྲུན་ཚུལ་བཅས་དོན་ཚན་བཞིའི་ཐོག་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཉིན་ཤས་སྔོན་ནས་དེ་རིང་འདིར་ཡོང་རོགས་གསུང་པ་བཞིན་བཅར་རྒྱུའི་གོ་སྐབས་བྱུང་། ང་རང་སྒེར་ངོས་ནས་ཆོས་ཕྱོགས་སྐོར་མང་པོ་ཤེས་ཀྱི་མེད། ལྷག་པར་ངས་སྨར་ཚང་བཀའ་བརྒྱུད་སྐོར་གོ་བ་ཐེངས་དང་པོ་ཡིན། བཙན་བྱོལ་སྤྱི་ཚོགས་ལ་ཆ་མཚོན་ན། དོ་སྣང་ཡོད་མེད་ཀྱི་གནས་སྟངས་དང་། ཆོས་ཀྱི་སྒྲིག་འཛུགས་ཡོད་མེད་ཀྱི་གནས་སྟངས་འོག་བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་གང་དང་གང་ཡིན་སྐོར་སྐད་ཆ་འདྲི་སྐབས་སུ་ཚང་མས་ཚད་དང་ལྡན་པ་བཤད་རྒྱུར་ཁག་པོ་ལྟ་བུ་ཆགས་འདུག དེ་འདྲའི་གནས་སྟངས་འོག་སྨར་ཚང་_DSC0154བཀའ་བརྒྱུད་སྐོར་གང་ཡང་ཤེས་ཀྱི་མེད་པར་བརྟེན། ཕར་ཚུར་དྲི་རྩད་བྱས་པ་ཡིན། སྔོན་མ་ཡིན་ན་སྨར་ཚང་བཀའ་བརྒྱུད་ཀྱི་རྒྱུད་པ་ཆ་ཚང་ཆད་པ་ཞིག་ལ་ངོས་འཛིན་ཞུས་ཀྱི་འདུག ད་ཆ་རྒྱུད་པ་སླར་གསོ་ཡོང་དང་མི་ཡོང་བརྗོད་རྒྱུ་དེ་རིན་པོ་ཆེས་གསུང་པ་ནང་བཞིན། སྨར་ཚང་བཀའ་བརྒྱུད་ཀྱི་དབང་ལུང་མན་ངག་གི་རྒྱུད་པ་ཏག་ཏག་ཡོད་མེད་ལ་རག་ལས་པ་རེད། དེ་ཚོའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཉམས་ཞིབ་བྱས་ཏེ་འདི་དང་འདི་རེད། ཅེས་ཞུ་ཐུབ་ཐབས་མེད། དེ་ནི་འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་། ཆོས་བརྒྱུད་སོ་སོའི་ནང་གནས་སྟངས་ག་འདྲ་ཆགས་འདུག་དེ་ཚོའི་ཐོག་ཞིབ་འཇུག་དང་། གནས་སྟངས་ཁ་གསལ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

ང་ཚོ་འདིར་བཅར་ཏེ་ཞུ་རྒྱུ་གཙོ་བོ་ནི། གངས་རི་ཀརྨ་རིན་པོ་ཆེ་མཆོག་བླ་མ་ཞིག་ཡིན་པ་མ་ཟད། ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་བོད་ནང་སྨར་ཚང་བཀའ་བརྒྱུད་ཕྱག་བཏབ་ནས་ལོ་ ༨༤༨ དང་། ཉམས་གུད་ཕྱིན་ནས་ལོ ༣༧༠ ཙམ་ཕྱིན་ཡོད། དེ་ཚོའི་རྒྱུད་རིམ་དང་འབྲེལ་བའི་ཐོག་ནས་ཞིབ་འཇུག་དང་། DSC0013_1024x681ཡིག་ཆ་མཁོ་སྒྲུབ་གནང་བ་སོགས་ཉམས་པ་སླར་གསོའི་ལས་དོན་ལ་རིན་པོ་ཆེས་ལོ་དྲུག་ཙམ་རིང་སྐུ་ལས་བསྐྱོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོའི་སྤྱི་ཚོགས་ནང་གླེང་སློང་མང་པོ་ཡོང་གི་ཡོད། དེ་རིང་འདིར་བཅར་བའི་རྒྱུ་མཚན་ལ་བརྟེན་ནས་སྨར་ཚང་བཀའ་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁས་ལེན་ནམ་ངོས་ལེན་བྱས་འདུག་ཅེས་གླེང་སློང་ཡོང་མི་སྲིད་པ་མ་རེད། ང་ལྟ་བུ་ཡིན་ན། ཆོས་དང་ཆོས་སྐྱོང་སྐོར་ལ་དེ་ཙམ་ཤེས་ཀྱི་མེད་སྟབས། མཁས་པ་སོ་སོ་དང་། ཆོས་བརྒྱུད་སོ་སོའི་བརྟག་དཔྱད་གནང་རྒྱུ་རེད་མ་གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐག་ཆོད་པོའི་ཐོག་སྨར་ཚང་བཀའ་བརྒྱུད་ཉམས་པ་སླར་གསོབྱུང་འདུག དབང་ལུང་མན་ངག་ཚང་མ་ཏག་ཏག་བསྡད་འདུག་ཅེས་ཞུ་ཐུབ་ཐབས་མེད། ཅེས་སོགས་ཀྱི་གསུང་བཤད་གནང།