དགེ་ལུགས་སྤྱི་འཐུས་རྒྱུན་ལས་བརྗེ་ལེན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་སུ་རྒྱུན་ལས་ཚོགས་ཆུང་ཞིག་ཡོད། ཚོགས་ཆུང་དེའི་ཚོགས་མི་ནི་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་ཡིན། དེ་ཡང་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང་། ལོ་རེའི་མཚམས་ནས་བསྐྱར་འདེམས་རེ་བྱ་དགོས་ཀྱི་ཡོད།

ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༡ ནས་རྒྱུན་ལས་གསར་རྙིང་འཕོ་ལེན་གྱི་དུས་ཚོད་ཡིན་ནའང་དགེ་ལུགས་ཀྱི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག་རྒྱུད་གྲྭ་འགྲིམས་དགོས་སྐབས་འཁེལ་སྟབས་ཀྱིས་འདི་ཟླའི་ཚེས་ ༤ ནས་འཕོ་ལེན་གྱིས་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་སྤྱི་འཐུས་རྒྱུན་ལས་སུ་ཕེབས་ཀྱི་ཡོད་པ་རེད།

ཚོགས་དྲུང་ལས་ཁངས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༠༣ ཚེས་ ༠༢ ལ།།