དགའ་ལྡན་ཕོ་བྲང་དུ་ཌེ་སི་མོནཌ་ཊུ་ཊུ་མཆོག་ཕེབས་པ།

DSC_0093༄༅། ། ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་བླ་ཆེན་ཌེ་སི་མོནཌ་ཊུ་ཊུ་མཆོག་ ༢༠༡༥ ཟླ་ ༤ ཚེས་ ༡༨ ཉིན་རྡ་ས་བཞུགས་སྒར་དུ་ཕེབས་ཏེ། བླ་ཆེན་མཆོག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཀྱིས་སེམས་ནང་སྤྲོ་བ་སྤེལ་རྒྱུའི་ཐབས་ལམ་སྐོར་གྱི་ཕྱག་དེབ་ Book of joy ཞེས་པ་ཕྱོགས་བསྒྲིགས་མཛད་ཡོད་འདུག ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༣ ཉིན་བླ་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགྱེས་སྟོན་ལ་འཚམས་འདྲི་ཞུ་བའི་མཛད་སྒོ་ཞིག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་ཆེད་དུ་ཆིབས་བསྒྱུར་གྱིས་སྲུང་བརྩི་གནང་ཡོད་ཅིང་། སྐབས་དེར་ཞི་བདེའི་དེེད་དཔོན་ཆེན་པོ་རྣམ་གཉིས་ཀྱིས་མཛའ་བརྩེ་དང་བྱམས་བརྩེའི་བཀའ་སློབ་གནང་ཡོད་པ་མ་ཟད། སློབ་ཕྲུག་ཚོས་ཐད་ཀར་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་གནང་གི་གོ་སྐབས་བཟང་པོའང་འཐོབ་ཡོད་པ་རེད། མཛད་སྒོ་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སློབ་ཕྲུག ས་གནས་བོད་མི་བཅས་ཁྱོན་ཆེ་བཅར་ཞུགས་གནང་ཡོད་པ་རེད།_DSC0031

DSC_0059