ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཏི་ཛུ་དར་རྒྱལ་གླིང་ས་གནས་འགོ་འཛིན་གྱིས་གནས་ཚུལ་བཏང་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༨།༤༥ ཐོག་འདི་གའི་༸རྒྱལ་བའི་ཕོ་བྲང་མདུན་དུ་ས་གནས་འཐུས་ཚོགས་ཚོགས་གཙོ་མཆོག་དང། ས་གནས་འགོ་འཛིན་མཆོག ས་གནས་རང་བདེན་ཚོགས་གཙོ་མཆོག གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚཽགས་པ་ཁག་གི་ཚོགས་གཙོ་རྣམ་པ། སློབ་ཕྲུག་སེར་སྐྱ་མི་མང་བཅས་གྲངས་ ༢༥༠ བརྒལ་བ་ལྷན་འཛོམས་ཐོག ས་གནས་འགོ་འཛིན་གྱིས་ལས་འགུལ་གྱི་དམིགས་ཡུལ་དང་དགོས་པ་སོགས་མི་མང་ལ་ངོ་སྤྲོད་གནང།

ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ཉིན་དགོངས་དྲོ་ཕྱག་ཚོད་ ༤།༣༠ ཐོག་༸རྒྱལ་བའི་ཕོ་བྲང་མདུན་ཐང་དུ་མི་མང་ལྷན་འཛོམས་ཐོག བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྔོ་བ་སྨོན་ལམ་དང་མཆོད་འབུལ་ཕྱག་ཚོུད་ ༡ ཙམ་རིང་ཞབས་རིམ་གསོག་སྒྲུབ་གནང། དེ་རྗེས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཕོ་བྲང་ནས་གཞིས་གྲོང་དང་པོའི་དགོན་པ་དང་གཞིས་གྲོང་གཉིས་པའི་དགོན་པ། གཞིས་གྲོང་ལྔ་པའི་དགོན་བཅས་སུ་མི་མང་དང་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་ ༢༥༠ ལྷག་རུ་སྒྲིག་ཏེ་སྐོར་བསྐྱོད་གནང་བར་མཐར་༸རྒྱལ་བའི་ཕོ་བྲང་དུ་འཛོམས་ཏེ་བདེན་ཚིག་སྨོན་ལམ་གསུང་དོན་གནང་ཏེ་ལས་འགུལ་མཇུག་བསྒྲིག་གནང།

ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་འབྲེལ་ཡོད་རྫོང་དཔོན་ལས་ཁུངས་ནས་མཆོག་མཆན་མ་ཐོབ་པར་བརྟེན། ཏི་རྫུ་ཁྲོམ་གཞུང་དུ་བསྐོར་བསྐྱོད་ལས་འགུལ་སྤེལ་ཐུབ་མེད་ཀྱང་། དེ་ཉིན་ཁྲོམ་གཞུང་དང་རྒྱ་གར་ཡུལ་མི་གནས་འཁོད་ཁག་ཏུ་བསྐྱོད་དེ་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཁག་སྤེལ། སྐབས་དེར་ཡུལ་མི་ ༡༥༠༠ ལྷག་གི་ས་རྟགས་བསྡུས་རུབ་ཐུབ་པ་བྱུང་སོང་བ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢ ཉིན་སྔ་དྲོ་ཕྱག་ཚོད་ ༦།༠༠ ཐོག་ས་གནས་འཐུས་ཚོགས་ཚོགས་གཙོ་མཆོག་དང་ས་གནས་རང་བདེན་ཚོགས་གཙོ་མཆོག ས་འགོའི་ལས་དྲུང་བཅས་ཏི་ཛུ་ནས་ཕེབས་མཐོན་གྱིས་བདེན་པའི་མེ་ལྕེ་མེའོ་ས་གནས་འགོ་འཛིན་མཆོག་ལ་རྩིས་སྤྲོད་གནང་རྒྱུའི་ཆེད་ཕེབས་གནང་ཡོད།

ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།ཏི་ཛུ་དར་རྒྱས་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།