ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།

 

ཕྱི་ལོ་༢༠༡༢ཟླ༡༡ཚེས༢༦ རེས་གཟའ་ཟླ་བའི་ཉིན།    བོད་ནང་གི་ཞོགས་པའི་ཆུ་ཚོད་༦་པ་ཙམ་ནས་མགོ་འཛུགས་ཀྱིས་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་པའི་འཕྲོད་སྟེན་སློབ་གྲྭའི་སློབ་མ་ཚོས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་མཚོ་ལྷོ་རྫོང་གི་ཁྲོམ་གཞུང་ལ་སྐོར་བ་བརྒྱབ་ནས་རྔམ་སྟོན་ཁྲོམ་སྐོར་གྱིས་སྐད་འབོད་བྱས་འདུག

ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།ངོ་རྒོལ་དུ་ཞུགས་པའི་སློབ་ཕྲུག་གྲངས་གཅིག་སྟོང་ལྷག་ཅིག་གིས”མི་རིགས་འདྲ་མཉམ་དང་། རང་དབང་། སྲིད་གཞུང་བསྐྱར་འཛུགས་”སོགས་ཀྱི་འབོད་སྒྲ་མང་པོ་ཞིག་བསྒྲགས་ཡོད་པ་དང་།   ཆུ་ཚོད་གཉིས་ཙམ་གྱིས་རྗེས་སུ་རྒྱ་གཞུང་དྲག་ཆས་དམག་དཔུང་གིས་ངོ་རྒོལ་བ་རྣམས་བཀག་འགོག་བྱས་པར་མ་ཟད། གང་བྱུང་དྲག་རྡུང་བྱས་ཏེ།   ད་ལྟའི་ཆར་སློབ་མ་བཅོ་ལྔ་ཙམ་ལ་རྨས་སྐྱོན་དང་། སློབ་ཕྲུག་བཞིར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁུལ་མི་མང་སྨན་ཁང་དུ་མྱུར་སྐྱོབ་ངང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་ཡོད་འདུག

ད་ལྟ་སློབ་གྲྭ་ཡོངས་སུ་དྲག་པོའི་དམག་གིས་བསྐོར་ཏེ།    ཕ་མ་དང་། མི་མང་མང་ཚོགས་ཚོས་སློབ་གྲྭ་དང་། སློབ་ཕྲུག་ཚོར་འབྲེལ་བ་བྱེད་ཐབས་མེད་པར་མ་ཟད།   ཆབ་ཆ་སོགས་སུ་འབྲེལ་བ་བྱེད་པའི་བརྒྱུད་ལམ་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།

ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།

ཆབ་ཆ་དང་རེབ་གོང་ས་ཁུལ་དུ་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ།

ཕྱི་ལོ་ ༢༠༡༢ ཟླ་ ༡༡  ཚེས་ ༩ ཉིན།   བོད་ནང་གི་ཞོགས་པའི་ཆུ་ཚོད་ ༥ སྟེང་། རེབ་གོང་དུ་སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུག  སློབ་མའི་ལས་འགུལ་དེར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ལས་འགུལ་སྐབས་སློབ་ཕྲུག་རྣམས་ཀྱིས། ༸གོང་ས་༸སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ “གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།  །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།  །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།  །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག  །” ཅེས་པ་དབྱངས་སུ་གྱེར་བ་དང་། དེ་བཞིན། “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས” ཞེས་སྐད་འབོད་བྱེད་བཞིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་(ཐུན་རིན) རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་རྗེས། རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ འཛོམས་ཀྱིས་སྐད་འབོད་དང་།   ༸རྒྱལ་བའི་ཞབས་བརྟན་དབྱངས་སུ་གྱེར་ཡོད་འདུག

སྒྲོལ་མ་ཐང་ཆེན་དུ་ཐག་ཉེ་རིང་གི་མི་མང་འདུ་འཛོམས་ཤུགས་ཆེ་རུ་སོང་བ་དང་།   སྐད་འབོད་སྐབས་གཞུང་ལམ་ཡོངས་རྫོགས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་དང་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་།   ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གི་གནས་ཚུལ་རིགས་བྱུང་ཡོད་མི་འདུག

ཐེངས་འདིའི་ལས་འགུལ་ནི།  རྨ་ལྷོ་ཁུལདང་། རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ། རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད།

 

ཕྱི་ལོ་༢༠༡༢ཟླ༡༡ཚེས༢༦ རེས་གཟའ་ཟླ་བའི་ཉིན།བོད་ནང་གི་ཞོགས་པའི་ཆུ་ཚོད་༦་པ་ཙམ་ནས་མགོ་འཛུགས་ཀྱིས་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་པའི་འཕྲོད་སྟེན་སློབ་གྲྭའི་སློབ་མ་ཚོས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་མཚོ་ལྷོ་རྫོང་གི་ཁྲོམ་གཞུང་ལ་སྐོར་བ་བརྒྱབ་ནས་རྔམ་སྟོན་ཁྲོམ་སྐོར་གྱིས་སྐད་འབོད་བྱས་འདུག

ངོ་རྒོལ་དུ་ཞུགས་པའི་སློབ་ཕྲུག་གྲངས་གཅིག་སྟོང་ལྷག་ཅིག་གིས”མི་རིགས་འདྲ་མཉམ་དང་། རང་དབང་། སྲིད་གཞུང་བསྐྱར་འཛུགས་”སོགས་ཀྱི་འབོད་སྒྲ་མང་པོ་ཞིག་བསྒྲགས་ཡོད་པ་དང་།ཆུ་ཚོད་གཉིས་ཙམ་གྱིས་རྗེས་སུ་རྒྱ་གཞུང་དྲག་ཆས་དམག་དཔུང་གིས་ངོ་རྒོལ་བ་རྣམས་བཀག་འགོག་བྱས་པར་མ་ཟད། གང་བྱུང་དྲག་རྡུང་བྱས་ཏེ།ད་ལྟའི་ཆར་སློབ་མ་བཅོ་ལྔ་ཙམ་ལ་རྨས་སྐྱོན་དང་། སློབ་ཕྲུག་བཞིར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁུལ་མི་མང་སྨན་ཁང་དུ་མྱུར་སྐྱོབ་ངང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་ཡོད་འདུག

ད་ལྟ་སློབ་གྲྭ་ཡོངས་སུ་དྲག་པོའི་དམག་གིས་བསྐོར་ཏེ།ཕ་མ་དང་། མི་མང་མང་ཚོགས་ཚོས་སློབ་གྲྭ་དང་། སློབ་ཕྲུག་ཚོར་འབྲེལ་བ་བྱེད་ཐབས་མེད་པར་མ་ཟད།ཆབ་ཆ་སོགས་སུ་འབྲེལ་བ་བྱེད་པའི་བརྒྱུད་ལམ་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡༡ཚེས་ ༩ ཉིན།བོད་ནང་གི་ཞོགས་པའི་ཆུ་ཚོད་ ༥ སྟེང་། རེབ་གོང་དུ་སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུགསློབ་མའི་ལས་འགུལ་དེར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ལས་འགུལ་སྐབས་སློབ་ཕྲུག་རྣམས་ཀྱིས། ༸གོང་ས་༸སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ “གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཅེས་པ་དབྱངས་སུ་གྱེར་བ་དང་། དེ་བཞིན། “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས” ཞེས་སྐད་འབོད་བྱེད་བཞིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་(ཐུན་རིན) རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་རྗེས། རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ འཛོམས་ཀྱིས་སྐད་འབོད་དང་།༸རྒྱལ་བའི་ཞབས་བརྟན་དབྱངས་སུ་གྱེར་ཡོད་འདུག

སྒྲོལ་མ་ཐང་ཆེན་དུ་ཐག་ཉེ་རིང་གི་མི་མང་འདུ་འཛོམས་ཤུགས་ཆེ་རུ་སོང་བ་དང་།སྐད་འབོད་སྐབས་གཞུང་ལམ་ཡོངས་རྫོགས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་དང་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་།ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གི་གནས་ཚུལ་རིགས་བྱུང་ཡོད་མི་འདུག

ཐེངས་འདིའི་ལས་འགུལ་ནི།རྨ་ལྷོ་ཁུལདང་། རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ། རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད།