གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།

གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོའི་དུས་དྲན་སྲུང་བརྩི་ཞུས་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་དུས་དྲན་གྱི་མཛད་རིམ་དང་པོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། སེར་སྐྱ་མི་མང་རྣམ་པ། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་སྐབས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་གིས་རྔ་རོོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།

དེ་རྗེས་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་།

གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།

དེ་ནས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་སེར་སྐྱ་ཕོ་མོ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སླད་དང་བླངས་ཀྱིས་རྒྱལ་བ་རིགས་ལྔའི་ཞལ་ཐང་ཞིག་བཞེངས་སྐྲུན་ཞུས་ཡོད་པ་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཟུང་འབྲེལ་ཐོག་དབུ་འབྱེད་གནང་ཡོད།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད་བོད་དབྱིན་ནང་རིམ་བཞིན་གནང་གྲུབ་མཚམས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་གསུམ་བཅུའི་དྲན་གླུ་ཕུལ་གྲུབ་སྟེ་གཞུང་འབྲེལ་དུས་དྲན་གྱི་མཛད་སྒོ་གྲོལ་ཡོད་པ་བཅས།

གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའིཉིན་མོ་སྲུང་བརྩི་ཞུས་པ།