ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཅིག་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་པ།

DSC04872དེ་ཡང་ཟླ་འདི་ཚེས་ ༡༥ ཉིན་ཁེ་ཎ་ཌ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genius (Conservative Party) རྡ་ས་ཁུལ་དུ་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྣེ་ཤན་གནང་སྟེ་་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་མཉམ་མཇལ་འཕྲད་དང་། གྲོས་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་འགྲོ་ལུགས་སོགས་ཀྱི་སྐོར་འགྲེལ་བཤད་དང་། དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད། ཁོང་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིར་ཕེབས་ནས་ཟླ་གསུམ་ཙམ་ལས་ཕྱིན་མེད་པ་དང་། ཁོང་ད་རེས་རྡ་རམ་ས་ལར་བོད་དང་བོད་མིའི་གནས་སྟངས་མཁྱེན་རྟོགས་འབྱུང་སླད་ཕེབས་གནང་ཡོད་པའི་གནས་ཚུལ་དུ།