ཁམས་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་ཟིལ་དཀར་དགོན་གྱི་དགེ་འདུན་པ་གཉིས་ལ་ཁྲིམས་ཆད།

རྒྱ་གཞུང་གི་བོད་ཀྱི་དགོན་གྲོང་དམ་དྲག་བྱེ་བཞིན་པ།རྒྱ་གཞུང་གི་བོད་ཀྱི་དགོན་གྲོང་དམ་དྲག་བྱེ་བཞིན་པ།

ཕྱི་ལོ་ ༢༠༡༢ ཟླ ༩ ཚེས  ༡ ཉིན་ཁམས་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་ཟིལ་དཀར་དགོན་གྱི་དགེ་འདུན་པ་ ༥ རྒྱ་ནག་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་ཡོད་པའི་ཁོངས་ནས། དགེ་འདུན་པ་བསོད་ནམས་ཤེས་རབ་ལགས་དང་བསོད་ནམས་དབྱིག་གཉེན་རྣམ་པ་གཉིས་ལ། ཟི་ལིང་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་པ་འབྲེལ་ཡོད་ཚོས་ཤེས་རྟོགས་བྱུང་འདུག ཡིན་ནའང་སྐབས་དེར་དུས་མཉམ་དུ་འཇུ་བཟུང་བྱས་པའི་དགེ་འདུན་པ་ཚུལ་ཁྲིམས་སྐལ་བཟང་ལགས་དང་བློ་བཟང་སྦྱིན་པ་ལགས་རྣམ་གཉིས་དང་། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ཉིན་འཇུ་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབ་གསུམ། ད་ལྟའི་ཆ་གང་དུ་ཡོད་མེད་གང་ཞིག་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ། འབྲེལ་ཡོད་ནང་མི་སྤུན་མཆེད་སོགས་ཀྱིས་ཤེས་རྟོགས་གང་ཡང་ཐུབ་མེད་པར་བརྟེན། སེམས་ཁྲལ་དངངས་སྐྲག་གི་ངང་ནས་གནས་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་ལས་བྱེད་དང་དམག་མི་ཚོས་ད་ལྟའི་ཆ་སྡེ་དགོན་གཉིས་ཀྱི་སྐྱ་སེར་རྣམས་ལ། འདྲི་བརྩད་དང་སྔོག་བཤེར་སོགས་ཀྱིས་དམ་དྲག་བྱས་ཏེ་འགྲོ་འདུག་གི་རང་དབང་མེད་པ་དང་། དམག་མིའི་རུ་སྒྲིག་གི་པར་རིས་ལ་བལྟས་ནའང། དགོན་སྡེ་གཉིས་ལ་དམ་དྲག་ཤུགས་ཆེར་ཇི་ཙམ་བྱེད་བཞིན་ཡོད་པ་རང་བཞིན་ངང་གིས་ཤེས་རྟོགས་ཐུབ་པ་ཞིག་ཆགས་ཡོད། དགོན་པར་འདི་ལྟར་དམ་དྲག་བྱེད་བཞིན་པ་འདིས་ཆོས་བྱེད་དགེ་འདུན་པ་ཚོའི་སློབ་གཉེར་ལ་བར་ཆད་ཡོང་རྒྱུ་དང་།  མི་མང་ལ་འདྲི་བརྩད་སོགས་ཀྱིས་བསུན་བཙིར་བྱེད་བཞིན་པ་འདིས། རང་རང་གི་འཚོ་བའི་ལས་ཀ་དང་བུ་ཕྲུག་ཚོའི་སློབ་སྦྱོང་བཅས་ལའང་འཐུས་ཤོར་འགྲོ་ངེས་པས། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ཉ་འཚོ་སྡེ་དགོན་གཉིས་ཀྱི་དཀའ་ངལ་ལ་རྒྱབ་སྐྱོར་ཡོང་བར་ཞུ་ཞུ།

ཉ་འཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ལྔ་རྒྱ་མིས་འཇུ་བཟུང་།

གྲྭ་བསོད་ནམས་ཤེས་རབ། རང་ལོ་༤༥ གྲྭ་བསོད་ནམས་ཤེས་རབ། རང་ལོ་༤༥ ཚུལ་ཁྲིམས་སྐལ་བཟང་།  རང་ལོ་ ༢༥ཚུལ་ཁྲིམས་སྐལ་བཟང་། རང་ལོ་ ༢༥

ངག་དབང་སྨོན་ལམ།  རང་ལོ་ ༣༠ངག་དབང་སྨོན་ལམ། རང་ལོ་ ༣༠བསོད་ནམས་དབྱིག་གཉེན།  རང་ལོ ༤༤བསོད་ནམས་དབྱིག་གཉེན། རང་ལོ ༤༤བློ་བཟང་སྦྱིན་པ།  རང་ལོ་ ༣༠བློ་བཟང་སྦྱིན་པ། རང་ལོ་ ༣༠

ཞེས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ཕུལ།།