ཀ་སྦུག་ས་འགོའི་ཁྱབ་ཁོངས་སུ་སྤྱི་འཐུས་གཟིགས་སྐོར་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ནས་ ༡༤ བར་ཀ་སྦུག་ས་འགོའི་ཁྱབ་ཁོངས་ས་གནས་ཁག་ལ་ས་བགོས་ཕྱོགས་སྐྱོད་ཀྱི་གཟིགས་སྐོར་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་གོང་གསལ་སྤྱི་འཐུས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ཉིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་ལྷན་སྒང་ཏོག་ནས་ཕེབས་ཐོན་གནང་སྟེ་ཉིན་གུང་རང་པོ་ (Rangpo)  ཞེས་སྒང་ཏོག་དང་ཀ་སྦུག་གི་ས་མཚམས་བར་སྐྱེལ་མ་གནང་ཞིང་། ས་གནས་དེར་ཀ་སྦུག་ས་འགོ་ཚེ་དབང་རྡོ་རྗེ་ལགས་ཀ་སྦུག་ནས་ཕེབས་བསུར་བཅར་འདུག

དེ་རྗེས་ཀ་སྦུག་ས་འགོ་དང་ལྷན་ཀ་སྦུག་ཏུ་ཕེབས་ཐོན་གནང་སྟེ་ཆུ་ཚོད་
པའི་རྗེས་ཀ་སྦུག་ས་གནས་སུ་ཕེབས་འབྱོར་གནང་སྐབས། ས་འགོ་ལས་ཁུངས་ཀྱི་ལས་དྲུང་དང་། ས་གནས་སྨན་རྩིས་ཁང་གི་འགན་འཛིན། རྒས་གསོ་ཁང་གི་འགན་འཛིན་བཅས་ནས་སྣེ་ལེན་གནང་ཡོད་པ་དང་། དེ་ནས་ཀ་སྦུག་ས་འགོ་དང་ལྷན་ཀ་སྦུག་ཟངས་མདོག་དཔལ་རི་དང། ཐར་པ་ཆོས་གླིང་། ས་སྐྱ་དགོན་པ། ཟེ་དཀར་དགོན། ཀ་སྦུག་སྲད་རྒྱུད་གྲྭ་ཚང་། བཀའ་བརྒྱུད་དགོན་པ་བཅས་སུ་མཆོད་མཇལ་ཞུས་གནང་འདུག

ཕྱི་ཚེས་
ཉིན་སྤྱི་འཐུས་རྣམ་གཉིས་ཀ་སྦུག་ས་འགོ་དང་ལྷན་གཡུ་ལོ་བཀོད་རྒས་གསོ་ཁང་དུ་གཟིགས་སྐོར་གནང་བར་རྒས་གསོ་ཁང་གི་འགན་འཛིན་དང་སྨན་ཞབས་མ། རྒན་འཁོགས་ཚོའི་འགོ་པ་བཅས་ནས་ཕེབས་བསུའི་མཇལ་དར་བཟུང་ནས་སྣེ་ལེན་གནང་ཡོད་པ་དང་། ཀ་སྦུག་རྒས་གསོ་ཁང་དུ་ད་ལྟའི་ཆར་རྒན་འཁོགས་གྲངས་ ༢༩ ཙམ་འདུག་པ་རེ་རེ་བཞིན་ཉལ་ཁང་དུ་ཕེབས་ཏེ་རྒན་འཁོགས་ཚོའི་གདན་དང་ཉལ་གོས་སོགས་གང་འདྲ་ཡོད་མེད་གཟིགས་ཞིབ་དང་། རྒས་གསོ་ཁང་གི་ཉལ་ཁང་ཕྱི་ནང་སྟེང་ཤོད་བར་གསུམ་ཆ་ཚང་གཙང་ཉར་གནང་འདུག་པར་འབྲེལ་ཡོད་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་ལ་ཁྱོད་རང་ཚོ་རང་འཁྲིས་ལས་དོན་ཧུར་ཐག་གནང་འདུག་པར་བསྔགས་བརྗོད་དང་མུ་མཐུད་འཐུས་ཤོར་མ་སོང་བར་བསམ་པ་བཟང་པོའི་ཀུན་སློང་གིས་རྒན་འཁོགས་ཚོར་ལྟ་སྐྱོང་དང་། རྒས་གསོ་ཁང་གི་ཁང་ཁུང་ཕྱི་ནང་ཚང་མ་གཙང་ཉར་གནང་ཐུབ་ཚེ་ལྟར་སྣང་ཆོས་ཀྱི་བྱེད་སྒོ་གཞན་མ་ཐུབ་རུང་རྒན་འཁོགས་ཚོར་ལྟ་སྐྱོང་ཡག་པོ་གནང་དང་ཆོས་ཟེར་བ་དེ་ལས་ལྷག་མེད་པས་ཐུགས་འཁུར་ཆེ་བཞེས་དགོས་པའི་ལམ་སྟོན་དང་། རྒན་འཁོགས་ཚོར་ཡང་རྣམ་ཀུན་དོན་མེད་གཞན་ལ་ཇུས་གཏོགས་ཀྱིས་ངག་འཆལ་ཁོ་ནས་དབང་དུ་མ་སོང་བར་སྔ་དགོང་དུས་གསུམ་ཀར་ཀུན་སློང་ཡང་དག་གིས་ཁ་འདོན་དགེ་སྦྱོར་ལ་བརྩོན་གང་ཐུབ་དགོས་པ་ཧ་ཅང་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག


ཕྱི་ཚེས་
༡༠ ཉིན་ཀ་སྦུག་ནས་ལ་ཝར་ཕེབས་ཐོན་གནང་སྟེ། ༸སྐྱབས་རྗེ་འཇམ་དགོན་ཀོང་སྤྲུལ་རིན་པོ་ཆེའི་བྱེས་ཀྱི་གདན་ས་བཀའ་བརྒྱུད་ཐེག་ཆེན་གླིང་དགོན་པའི་ཕྱག་མཛོད་དང་དགེ་བསྐོས་བཅས་ནས་ཕེབས་བསུའི་སྣེ་ལེན་གནང་། དགོན་པ་མཆོད་མཇལ་གྲུབ་རྗེས་རླངས་འཁོར་ནང་ཆུ་ཚོད་ཕྱེད་ཙམ་གྱི་སར་༸སྐྱབས་རྗེ་འཁོར་ཁྱིམ་རིན་པོ་ཆེའི་དགོན་པ་ཨོ་རྒྱན་བསམ་གཏན་སྨིན་གྲོལ་གླིང་དུ་ཕེབས་ཏེ་དགོན་པའི་ལས་སྣེ་རྣམས་ནས་སྣེ་ལེན་གྱིས་དགོན་པ་མཆོད་མཇལ་དང་། གདན་ས་དབུས་མ་ཀ་ལ་མན་ཀྲོན་སྨིན་གྲོལ་གླིང་གི་མཆོད་རྟེན་ཆེན་མོའི་ཕྱེད་ཀ་ཙམ་ཡོད་པའི་མཆོད་རྟེན་དང་། ནང་དུ་ལྷ་ཁང་གི་བཀོད་པ་ཕུན་སུམ་ཚོགས་པ་ཐོག་བརྩེགས་གསུམ་གྱི་དང་པོར་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་བརྩེགས་གཅིག་ཅན་ལ་གཡས་གཡོན་རྣམས་སུ་གུ་རུ་མཚན་བརྒྱད་མི་ཚད་ཙམ་དང་། ཐོག་བརྩེགས་གཉིས་པར་སྟོན་པ་ཤཱཀྱ་ཐུབ་པ་མི་ཚད་ཙམ་ལ་འཁོར་དུ་རྫོགས་ཆེན་སྟོན་པ་བཅུ་གཉིས། ཐོག་བརྩེགས་གསུམ་པ་ལ་རྒྱལ་བའི་བཀའ་བསྟན་འགྱུར་གྱིས་གཙོས་པའི་གསུང་རབས་ཀྱི་དཔེ་མཛོད་ཁང་བཅས་གསར་བཞེངས་གནང་ཡོད་པ་མཇལ་གནང་བ་དང་། དེ་རྗེས་༸སྐྱབས་རྗེ་འཁོར་ཁྱིམ་རིན་པོ་ཆེས་གསར་འཛུགས་གནང་བའི་སློབ་གྲྭར་གཟིགས་སྐོར་གནང་། འཛིན་གྲྭ་དང་པོ་ནས་དྲུག་པ་བར་སློབ་ཕྲུག་ ༡༧༠ ལྷག་ཙམ་འདུག་པར་སློབ་གྲྭའི་ཁོར་ཡུག་གཙང་ལ་འཛིན་སྐྱོང་ཚགས་ཚུད་ཐོག་སློབ་ཕྲུག་ཐོན་རིམ་བཞིན་ཀ་སྦུག་སམ་བྷོ་ཊ་དང་ཡུལ་མིའི་སློབ་གྲྭ་སོགས་སུ་སློབ་མ་སོ་སོའི་འདོད་མོས་བཞིན་འགྲོ་ཆོག་པ་བཟོས་ཡོད་པ་སོགས་སློབ་གྲྭ་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་སློབ་གྲྭའི་དབུ་འཛིན་མཆོག་ནས་འགྲེལ་བཤད་གནང་།


ཕྱི་ཚེས་
༡༡ ཉིན་ཀ་སྦུག་སམ་བྷོ་ཊའི་སློབ་གྲྭར་ཕེབས་ཏེ་སློབ་གྲྭའི་ལས་སྣེ་རྣམས་ནས་སྣེ་ལེན་གནང་། སློབ་དགེ་རྣམས་དང་ལྷན་སྤྱི་ཡོངས་སློབ་གྲྭའི་གནས་བབ་སྐོར་ངོ་སྤྲོད་དང་། སློབ་དགེ་དང་ས་གནས་འགོ་འཛིན་ལྷན་དུ་སློབ་གྲྭའི་ལས་ཁུངས། འཛིན་ཁང་། སློབ་ཕྲུག་གི་ཉལ་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། གཞན་ཡང་ཀ་སྦུག་ས་གནས་སུ་༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་རྒས་གསོ་ཁང་དང་མིག་བཤའ་བཅོས་སྨན་ཁང་། ས་གནས་སྨན་རྩིས་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་
༡༢ ཉིན་ཀ་སྦུག་ནས་ཕེབས་ཐོན་གྱིས་ཨོ་ལ་སྦ་རིར་འབྱོར་ཏེ་ཁ་འཐོར་རང་རིགས་མི་མང་ཚོ་མཇལ་འཕྲད་ཀྱིས་ཚོགས་འདུའི་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་ངོ་སྤྲོད་བཅས་ཀྱི་གསུང་བཤད་གནང་རྗེས་མི་མང་ལ་དྲི་བ་དྲིས་ལན་གྱི་དུས་ཚོད་གནང་ཡོད་པ་དང་། ཉིན་རྒྱབ་ཕུན་ཚོགས་གླིང་ས་གནས་སུ་ཕེབས་འབྱོར་གནང་ཡོད། ཕྱི་ཚེས་ ༡༣ ཉིན་རྗའེ་སྒང་མི་འཐུས་ཚོར་མཇལ་འཕྲད་དང་མི་མང་ཚོགས་ཁང་གསར་པར་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་
༡༤ ཉིན་རྗའེ་སྒང་ནས་ཕེབས་ཐོན་གནང་སྟེ་ཉིན་གུང་ས་ལུ་སྒ་རར་འབྱོར་སྐབས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་མི་འགྱུར་ལགས་ནས་སྣེ་ལེན་གནང་། དེ་རྗེས་དཔལ་ལྡན་སྲད་བརྒྱུད་གྲྭ་ཚང་དུ་མཆོད་མཇལ་གྲུབ་རྗེས་ཀ་སྦུག་ས་འགོ་དང་ས་ལུ་སྒ་རའི་རང་བདེན་ཚོགས་ཆུང་གི་མི་འཐུས་ལྷན་ས་གནས་སུ་མི་མང་ཚོགས་ཁང་གསར་རྒྱག་ཆེད་ས་ཆ་སྤུས་གཟིགས་ཟིན་པར་ཚོགས་ཁང་གསར་རྒྱག་གནང་ཕྱོགས་བཅས་ཀྱི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད་པ་བཅས་ཐེངས་འདིའི་ཀ་སྦུག་ས་འགོའི་ཁྱབ་ཁོངས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ་བྱུང་ཡོད་འདུག་པ་བཅས།