༸གོང་ས་མཆོག་གི་གསུང་འཕྲིན་ཐོག་གཞུང་འབྲེལ་གྲོས་ཆོད། ༢༠༡༡།༣།༢༡

སྔོན་གླེང༌།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ འཁོད་པའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བ་གྲོས་ཚོགས་སུ་བགྲོ་གླེང་གྲོས་བསྡུར་གཏིང་ཟབ་གནང་བའི་གྲུབ་དོན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཛད་ཁུར་ནམ་ཡང་འདོར་བ་མེད་པ་མུ་མཐུད་སྐྱོང་བཞེས་ཅི་ནས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༡ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ འཁོད་པ་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས་པར། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་ བྱབྱསྔོན་དུ་གསུང་འཕྲིན་དུ་ཞིབ་གསལ་འཁོད་པ་བཞིན་ྋགོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་བྱབྱ ཅེས་ཕེབས་པར་བརྟེན། འབྱུང་འགྱུར་བྱེད་ཕྱོགས་ཇི་འགབ་ཐག་གཅོད་གནང་རྒྱུའི་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང༌།

གྲོས་ཆོད།

༢༽ ལས་འཆར་དེའི་ཐོག་གྲོས་ཚོགས་སུ་བགྲོ་གླེང་གིས་འབྱུང་འགྱུར་གྱི་ལས་རིམ་གོ་སྒྲིག་གནང་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ། །

༡༽ ད་ཆ་ྋགོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཐད་འཆར་གཞི་ཞིབ་ཕྲ་ཞིག་བསྒྲིག་རྒྱུ་གལ་གནད་ཆེ་སྟབས། ཚོགས་གཙོ་ལྷན་རྒྱས་ནས་ལས་འཆར་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ་ཚོགས་ཆུང་དེས་འདི་ཟླའི་ཕྱི་ཚེས་ ༢༣ འགྱངས་མེད་ལས་འཆར་སྙན་ཐོ་ཞིག་གྲོས་ཚོགས་སུ་འབུལ་ཐུབ་པ་དགོས་རྒྱུ་དང༌།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ་གཏན་འབེབས་གནང༌།