༄༅། སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༩ ལས་ཉིན་བརྒྱད་པའི་ལས་རིམ་བཀའ་བསྡུར།

_DSC1051
ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གནང་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་བསྐྱངས་ཏེ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འཆར་ལག་དེབ་སྔོན་པོ་དེ་ཉིད་འགོ་འཛུགས་གནང་སྟེ་ལོ་ངོ་ ༢༠ འགྲོ་བཞིན་ཡོད་པས་དེའི་ལས་འཆར་འབྲེལ་བའི་དྲི་བ་གསལ་བའི་སྐར་རྟགས་ཅན་གྱི་ཡིག་ཆ་དྲི་བ་ཨང་ ༥ གྲོས་ཚོགས་སུ་སྙན་སྒྲོན་གནང་། དེར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གནང་བ་དང་། འཕྲོ་དོན་དྲི་བ་དྲིས་ལན་རྣམས་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གནད་དོན་འགའི་ཐོག་གསལ་བཤད་ཕེབས་པ་དང་། དེ་ནས་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་ཡིག་ཆ་ཨང་ ༢༠ པ་སྙན་སྒྲོན་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་ཡིན། དེ་ནས་གསོལ་ཇའི་བར་གསེང་རྗེས་ཤེས་རིག་གི་སྔོན་རྩིས་ཐོག་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་དང་བགྲོ་གླེང་གནང་ཞིང་། ཉིན་རྒྱབ་ཏུའང་མུ་མཐུད་དུ་བགྲོ་གླེང་གནང་སྟེ་སྔོན་རྩིས་གཏན་འབེབས་གནང་། དེ་ནས་སྃ་བྷོ་ཊའི་ལས་ཁུངས་ཀྱི་སྔོན་རྩིས་དང་། དེ་ནས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཞིང་། ཚོགས་འདུའི་དུས་ཡུན་ཆུ་ཚོད་ ༧ བར་ཕར་འགྱངས་ཀྱིས་བགྲོ་གླེང་གནང་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།