༄༅། སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༠ ལས་ཉིན་དགུ་པའི་ལས་རིམ་བཀའ་བསྡུར

37
ཁྲིམས་སྒྲིག་བསྐྱར་བཅོས་ཐོག་མང་མོས་གནང་བཞིན་པ།

སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཀྱིས་ཚོགས་འདུ་དབུ་འཛུགས་པ་དང་། ཁྲིམས་སྒྲིག་བསྐྱར་བཅོས་ཆེད་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། ཡིག་ཆ་ཨང་ ༢༢ པའི་དོན་ཚན་ཁག་ཅིག་གི་ནང་གསེས་རྣམས་རེ་རེ་ནས་ཚིག་བརྗོད་རྙིང་པ་དང་བསྐྱར་བཅོས་ཚིག་བརྗོད་སྒྲོག་བྱང་ཞུས་པ་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེེར་རྒྱབ་སྐྱོར་གནང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་གསལ་བའི་ཡིག་ཆ་ཨང་ ༢༣ ཡི་དོན་ཚན་ཁག་ཅིག་གི་ནང་གསེས་རྣམས་ཀྱི་ཚིག་བརྗོད་རྙིང་པ་དང་བསྐྱར་བཅོས་ཚིག་བརྗོད་སྒྲོག་བྱང་ཞུས་པ་དང་། དེར་དཔལ་འབྱོར་བཀའ་བློན་མཆོག་གིས་རྒྱབ་སྐྱོར་གནང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེགས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཡིག་ཆ་ཨང་ ༢༤ ཡི་དོན་ཚན་ཁག་ཅིག་གི་ནང་གསེས་རྣམས་རེ་རེ་ནས་སྒྲོག་བྱང་ཞུས་པ་དང་། དེར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་རྒྱབ་སྐྱོར་གནང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཡིག་ཆ་ཨང་ ༢༥ ཡི་དོན་ཚན་བརྒྱད་པ་སྙན་སྒྲོན་གནང་སྟེ། དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་རྒྱབ་སྐྱོར་གནང་། སླར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་སྤར་ཆའི་གྲོས་འཆར་ཡིག་ཆ་ཨང་ ༢༦ སྙན་སྒྲོནསྒྲོག་བྱང་་གནང་བ་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་། དེ་ནས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པའི་ཐོག་ཕེབས་ཏེ་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཁོངས་ཡིག་ཆ་ཨང་ ༢༢ མ་གཏོགས་གཞན་རྣམས་སྤྱི་མོས་ཀྱིས་གཏན་འབེབས་གནང་། དེ་རྗེས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་ཐོག་ཕེབས་ཏེ་བགྲོ་གླེང་དང་གཏན་འབེབས་གནང་། ཉིན་རྒྱབ་ཏུ་ཤེས་རིག་གི་ལས་དོན་ཐོག་ཤེས་རིག་བཀའ་བློན་གྱི་ལན་འདེབས་བཅས་བགྲོ་གླེང་གནང་། དེ་ཚར་རྗེས་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་ཡིག་ཆ་ཨང་ ༢༨ བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་ཡིག་ཆ་ཨང་ ༥༩ པའི་དགོངས་དོན་ལྟར།

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོ་སྒྲོག་བྱང་གནང་བཞིན་པ།
མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོ་སྒྲོག་བྱང་གནང་བཞིན་པ།

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་ལས་བསྡོམས་དང་། སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་སྙན་སྒྲོན་སྒྲོག་བྱང་གནང་བར། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱབ་སྐྱོར་གནང་བ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོ་སྒྲོག་བྱང་གནང་ཞིང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོར་བགྲོ་གླེང་དགོས་པའི་གྲོས་འཆར་འདོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྒྱབ་སྐྱོར་གནང་། ཚོགས་འདུའི་དུས་ཡུན་ཚོུད་ ༥་༡༠ བར་ཕྲན་བུའི་ཕར་འགྱངས་གནང་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།