༄༅།  སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༨ ལས་ཉིན་བདུན་པའི་ལས་རིམ་བཀའ་བསྡུར།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བདུན་པ་འགྲོ་བཞིན་པ།
སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བདུན་པ་འགྲོ་བཞིན་པ།

ད་ཉིན་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གྲོས་ཚོགས་དབུ་འཛུགས་བསྐྱངས་ཏེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༧ ཉིན་སྐུ་ཚེ་མ་ཟིན་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༨ པ་སྙན་སྒྲོན་གནང་རྗེས། ཚང་མ་སྐུ་བཞེངས་ཀྱིས་སྐར་མ་ ༡ རིང་ངག་བཅད་མྱ་ངན་གུས་འདུད་ཞུས། དེ་ནས་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་འཆར་འགོ་འཛུགས་གནང་སྟེ་ལོ་དུས་བཞི་འཁོར་བཞིན་པ་དང་། ལྷག་པར་དེར་དགོས་དངུལ་ཡང་གང་ཙམ་བཏང་གནང་ཡོད་པས་དེ་འབྲེལ་དྲི་བ་གསལ་བའི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༤ པ་སྙན་སྒྲོན་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲི་བར་ལན་འདེབས་གནང་བ་དང་། འཕྲོ་སྐྱོང་དྲི་བ་དྲིས་ལན་རྣམས་གནང་། དེ་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༡་༣༠ ཐོག་གྲོས་ཚོགས་སླར་འཚོགས་སྐབས་མུ་མཐུད་དུ་སྨན་བཅོས་ལྟ་སྐྱོང་ལས་གཞི་སོགས་ཀྱི་སྐོར་བགྲོ་གླེང་རྒྱས་པར་གནང་སྟེ། འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་གནང་། དེ་རྗེས་སྦེལ་ཀོབ་འཚོ་བྱ

ད་སྨན་ཁང་དང་། སྣེ་ལེན་འབྲེལ་མཐུད་ཁང་དང་། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་རྣམས་སྙན་སྒྲོན་དང་བགྲོ་གླེང་གནང་འགོ་བཙུགས། དེ་རྗེས་གྲོས་ཚོགས་ཕྲན་བུ་ཕར་འགྱངས་གནང་བ་དང་། ཆུ་ཚོད་ ༥་༡༥ ནས་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་གི་ལས་དོན་ཁག་གི་ཐོག་བགྲོ་གླེང་མུ་མཐུད་དུ་གནང་ཞིང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་སྔའི་གནད་དོན་གསལ་བཤད་གནང་དགོས་ཀྱི་དོན་ཚན་ཁ་ཤས་ཀྱི་ཐོག་གསལ་བཤད་གནང་སྟེ་གྲོས་ཚོགས་གྲོལ་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།