༄༅། སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག་ས་བགོས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། པོན་ཊ་ཅིར་རི། ཅི་ནའེ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་སྤྱི་འཐུས་ས་བགོས་ལྟར་སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༣ ནས་ཟླ་ ༦ ཚེས་ ༢༦ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། པོན་ཊ་ཅིར་རི། ཅི་ནའེ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། ཐོག་མར་ཚེས་ ༡༣ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་ ༡༥ ཉིན་སྦེང་ལོར་དུ་འབྱོར་ཞིང་། དེ་ནས་ཚེས་ ༡༦ ཉིན་ཕེབས་ཐོན་གྱིས་ཚེས་ ༡༧ ཉིན་སྦེལ་ཀོབ་ཏུ་འབྱོར། དེར་ཚེས་ ༡༧ ནས་ ༡༩ བར་སྦེལ་ཀོབ་གཞིས་ཆགས་དང་ཁྱབ་ཁོངས་གྲོང་སྡེ་ཁག་ལ་གཟིགས་སྐོར་དང་། མི་མང་ལ་གཏམ་བཤད་དང། བསམ་ཚུལ་ཉན་འཇོག དྲི་བར་ལན་འདེབས་ཞུས། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གཞིས་ཆགས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་དང་ལྷན་དུ་བཞུགས་མོལ་ཚོགས་བསྡུ་གནང་། ཚེས་ ༢༣ ཉིན་པོན་ཊ་ཅིར་རིར་འབྱོར་ཏེ་དེ་ག་ཨུ་རོ་ཝིལ་བོད་ཀྱི་རིག་གཞུང་ལྟེ་གནས་སུ་མི་མང་ཁག་ཅིག་ཡོད་པར་གཏམ་བཤད་དང་། དཀའ་སེལ་གྱི་བགྲོ་གླེང་ཞུས། དེ་ནས་ཚེས་ ༢༤ ཉིན་ཅི་ནའེ་རུ་བོད་མིའི་སློབ་ཕྲུག་རྣམས་ལ་གཏམ་བཤད་དང་། བགྲོ་གླེང་། དྲི་བར་ལན་འདེབས་ཞུས་ཏེ་ཕྱོགས་ཕེབས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད་བའི་གནས་བསྡུས་སུ།

P1010697 - Copy

P1010700

P1010701

P1010706

P1010711

P1010774