༄༅། རྩིས་ལོ་ ༢༠༡༤་་་༡༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་།

༄༅། རྩིས་ལོ་ ༢༠༡༤་་་༡༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་།

budget1

ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་གཞིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ནས་ཞིབ་འཇུག་ནན་ཏན་གྱིས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ལྟར། རྩིས་ལོ་ ༢༠༡༤་་་༡༥ ལོའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་གངས་ལྷ་མོ་མཆོག སྤྱི་འཐུས་རྨོག་རུ་བསྟན་པ་མཆོག སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་བཅས་བསྐོ་འཛུགས་གནང་བ་ལྟར།

budget2

དེ་རིང་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༢ ཚེས་ ༡༩ ནས་ཚོགས་ཆུང་ལྷན་འཛོམས་ཀྱིས་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། ཚོགས་ཆུང་གི་དྲུང་ཆེར་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་སོ་སོར་ཐུགས་གཏན་འཁེལ་འདུག ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ ༢༠༡༤ ཕྱི་ཟླ་ ༣ ཚེས་ ༦ ཉིན་གྲོས་ཚོགས་ཚོགས་དུས་ ༧ པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་རྒྱུ་གནང་ཡོད་པ་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ ལ།།