༄༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ལས་ཡུན་རྫོགས་པར་གསོལ་སྟོན་དང་ཕྱག་རྟགས་བསྩལ་བ།

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་སྤྱི་ཐབ་ཀྱི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་སྤྱི་འཐུས་སྐབས་ ༡༥ པའི་སྤྱི་འཐུས་རྣམ་པའི་ལོ་ལྔའི་ལས་ཡུན་རྫོགས་པར་བརྟེན། བཀའ་ཤག་གིས་ལས་བྱེད་ཚང་འཛོམས་ཐོག་གསོལ་སྟོན་ཞིག་བཤམས་ཡོད་པ་དང་། སྤྱི་འཐུས་ལྷན་ཁང་གི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། གཞན་ཡང་སྤྱི་འཐུས་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་རེ་བསྩལ་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་བསྔགས་བརྗོད་ཀྱི་བཀའ་སློབ་གསུང་བཤད་ཅིག་གནང་བ་དང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་མཆོག་གིས་ཀྱང་བཀའ་སློབ་གནང་ཡོད་པ་རེད།།_DSC1269

_DSC1279

_DSC1245

_DSC1248

_DSC1252