༄༅། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ནས་ ༡༧ བར་ཨ་རི་མི་ནི་སོ་ཊ་དང་། ཤི་ཀ་གོ། ཝ་ཤིང་ཀྲོན་ཌི་སི། ཀོ་ནེ་ཊི་ཀཊ། ནིའུ་ཡོག་དང་ནིའུ་འཇར་སི། ཝར་མོན་ཊི་བཅས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་མཛད་རིམ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ནས་ ༡༧ བར་ཨ་རི་མི་ནི་སོ་ཊ་དང་། ཤི་ཀ་གོ། ཝ་ཤིང་ཀྲོན་ཌི་སི། ཀོ་ནེ་ཊི་ཀཊ། ནིའུ་ཡོག་དང་ནིའུ་འཇར་སི། ཝར་མོན་ཊི་བཅས་སུ་ གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་མཛད་རིམ།

༢༠༡༣།༡༢།༦       ཉིན་ལྡི་ལི་ནས་ཕེབས་ཐོན་གནང་སྟེ་དེ་ཉིན་ཨ་རི་མི་ནི་སོ་ཊར་ཕེབས་འབྱོར་གནང་

བ། ཕྱི་དྲོ་ལམ་སྟོན་དང་སློབ་སྟོན་ཚོགས་པའི་སར་ཕེབས་བཅར་གནང་བ།

༢༠༡༣།༡༢།༧       ཉིན་སྔ་དྲོ་བོད་ཀྱི་བདུན་རེའི་རིག་གཞུང་སློབ་གྲྭར་བཅར་གནང་བ་དང་། ཕྱི་དྲོ་མི་ནི་

སོ་ཊར་མང་ཚོགས་སུ་བཀའ་སློབ་དང་དྲི་བ་དྲི་ལན་གནང་བ།

༢༠༡༣།༡༢།༨        ཤི་ཀ་གོའི་བོད་རིགས་ཚོགས་པ་དང་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲི་

ལན་གནང་བ། ཕྱི་དྲོ་མི་ཌི་སོན་དུ་ཡོད་པའི་ Deer Park ལྷ་ཁང་དུ་

མང་ཚོགས་ལ་གསུང་བཤད་དང་དྲི་བ་དྲི་ལན་གནང་བ།

༢༠༡༣།༡༢།༩         མེ་ཌི་སོན་ནས་མི་ནི་སོ་ཊར་ཕེབས་ཐོན་གནང་བ།

༢༠༡༣།༡༢།༡༠      སྔ་དྲོ་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་མི་ནི་སོ་ཊ་འགྲོ་བ་མིའི་

ཐོབ་ཐང་ཚོགས་པའི་འགན་འཛིན་དང་མཇལ་འཕྲད་གནང་བ། ཕྱི་དྲོ་སྤྱི་ནོར་

༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་

གཟེངས་འབུལ་བཞེད་མཛད་དེ་ལོ་ངོ་ ༢༤ འཁོར་བའི་དུས་དྲན་ལ་དྲན་

སྲུང་བརྩིའི་སྐུ་མགྲོན་གཙོ་བོར་ཕེབས་གནང་བ།

༢༠༡༣།༡༢།༡༡       ཝ་ཤིང་ཀྲོན་ཌི་སིར་ཕེབས་ཐོན་གནང་རྒྱུ།  སྔ་དྲོ་ཨེ་ཤི་ཡའི་རང་དབང་རླུང་

འཕྲིན་ཁང་ལས་ཁུངས་སུ་ཕེབས་རྒྱུ་དང་། དེའི་འགན་འཛིན་བཀའ་བློན་

ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་མཆོག་དང་མཇལ་འཕྲད་

གནང་རྒྱུ། ཉིན་རྒྱབ་རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ཁང་གི་འཛིན་སྐྱོང་

ཚོགས་གཙོ་བགྲེས་གཞོན་དང་། ཚོགས་མི་རྣམས་དང་ལྷན་དུ་མཇལ་འཕྲད་

གནང་རྒྱུ། དེ་རྗེས་ནེཌ་(NED) ལས་ཁུངས་ཀྱི་ཚོགས་གཙོ་ཀར་ལེ་གྷེར་

ཤ་མན་དང་ལས་བྱེད་རྣམས་མཇལ་འཕྲད་གནང་རྒྱུ། དགོང་དྲོ་ཝ་ཤིང་ཀྲོན་

ཌི་སི་བོད་མིའི་འདུ་འཛོམས་སར་མང་ཚོགས་ལ་གསུང་བཤད་གནང་རྒྱུ།

༢༠༡༣།༡༢།༡༢       སྔ་དྲོ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་དུ་བཅར་འདྲིའི་དྲི་ལན་

གནང་རྒྱུ། ཉིན་རྒྱབ་ཨམ་ཀྲག་མེ་འཁོར་ནང་ནིའུ་ཡོག་ཏུ་ཕེབས་ཐོན་གནང་རྒྱུ།

ཕྱི་དྲོ་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ནིའུ་ཡོག་དང་ནིའུ་འཇར་

སི་བོད་རིགས་ཚོགས་མི་མཉམ་དུ་མཇལ་འཕྲད་གནང་རྒྱུ།

༢༠༡༣།༡༢།༡༣       ཉིན་ནིའུ་ཡོག་ནས་ཀོ་ནེ་ཊི་ཀཊ་རུ་ཕེབས་ཐོན་གནང་རྒྱུ། ཕྱི་དྲོ་ཀོ་ནི་ཊི་ཀཊ་བོད་

རིགས་རྣམས་ལ་གསུང་བཤད་གནང་རྒྱུ་དང་། རིག་གཞུང་གཞས་སྣ་འཁྲབ་སྟོན་

ཕུལ་བ་གཟིགས་རྒྱུ།

༢༠༡༣།༡༢།༡༤       སྔ་དྲོ་ནིའུ་ཡོག་ལ་ཕེབས་ཐོན་གནང་རྒྱུ། ཕྱི་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་ནིའུ་

ཡོག་གི་ཕུན་ཚོགས་སྡེ་བཞི་བོད་མིའི་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་

མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༤

འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་

མཉམ་ཞུགས་དང་འབྲེལ་གསུང་བཤད་གནང་རྒྱུ།

༢༠༡༣།༡༢།༡༥       སྔ་དྲོ་ཝེར་མོན་ཊིར་ཕེབས་ཐོན་གནང་རྒྱུ། ཕྱི་དྲོ་ཝེར་མོན་ཊིར་ཟློས་གར་འཁྲབ་སྟོན་

ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་

གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་

ཕེབས་རྒྱུ། དེ་སྐབས་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ།

༢༠༡༣།༡༢།༡༦       ལྦེར་མོན་ཊིར་ནས་ནིའུ་ཡོག་ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་དྲོ་ནིའུ་ཡོག་དང་ནིའུ་

འཇར་སིར་ཡོད་པའི་ས་གནས་བུད་མེད་ལྷན་ཚོགས་མཉམ་མཇལ་འཕྲད་གནང་རྒྱུ།

༢༠༡༣།༡༢།༡༧       སྔ་དྲོ་ནིའུ་ཡོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་གཟིགས་གནང་རྒྱུ། ཕྱི་དྲོ་

ནིའུ་ཡོག་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༡༨ ཉིན་དགོང་དྲོ་ལྡི་ལིར་ཕེབས་འབྱོར་

གནང་རྒྱུ་བཅས།།