༄༅། ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཚོགས་པ།

 

 

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་མུ་མཐུད་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཡང་སྐོང་འཚོགས་གནང་སྟེ་གྲོས་ཆོད་དོན་ཚན་ ༨ བཞག་པ་སོགས། རྒྱ་གར་གྲོས་ཚོགས་འཐུས་མི་གཙོས་དཔོན་རིགས་ཁག་གི་ནང་བོད་དོན་ལ་སེམས་འཁུར་དང་གླེང་སློང་། རྒྱབ་སྐྱོར་གྱི་ནུས་ཤུགས་འཕར་མ་ཞིག་སྤར་ཐུབ་ཡོད་འདུག

ཟླ་ ༧ ཚེས ༢༩ ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་མུ་མཐུད་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས། སྲིད་དོན་ཚོགས་པ་ཁག ༡༡ ་གི་འཐུས་མི་ ༢༤ དང་། བློན་ཆེན་༣ བཅས་ཐེངས་འདིའི་དུས་ཡུན་བདུན་ཕྲག་གཅིག་རིང་ཁྱོན་བསྡོམས་སྲིད་དོན་ཚོགས་པ ༡༨ ཀྱི་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི ༥༣ དང་བློན་ཆེན ༨ ། མཁས་དབང་དང་གནད་ཡོད་མི་སྣ་བཅས་ལ་མཇལ་འཕྲད་གནང་ཡོད།

IMG_3111
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་ Dr Arun Kumar(Rashtriya lok Samata party) མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3122
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀོ་ཎ་་ཀ་ལ། ཎ་ར་ཡ་ན་རའོ་ Shri Konakalla Narayana Rao (Telugu Desam Party)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3225
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མ་ཧན་རྡ་ར། སེངྒ་མཧྲ་ Shri Mahendra (Rajya Sabha)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3287
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཨ་ནནྡ་ ཤར་མ་ Shri Anand Sharma (Rajya Sabha)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3253
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྐུ་ཞབས་ ཨེ་ ཝེ་ སྭ་མི་ Shri A.V. Swammy མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3370
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཇོ་ཊི་ར་ཁེ་ཊ་ སེན་ཌྱེ་ Shri Jyotiragitya Scindia (Loksabha)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3323
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཨེ་ ཡུ་ སེངྒ་ ཌེའུ་ Shri Ananga Udaya Singh Deo (Biju Janata Dal) མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3415-2
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ རྡི་པིན་ཏར་ ཧུའུ་ཊ་ Shri Deepender Singh Hooda( Indian National Congress)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3543
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཁོན་རྜ་ ཀོན་ཀལ་ སངྒ་མ་Shri Conrad Kongkal Sangma (National People Party)མཆོག་དང་མཇལ་འཕྲད་གནང་བཞིན་པ།
IMG_3571
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཇོ་ཡེ་ ཨབ་རྷམ་ Shri Joy Abraham (Kerala Congress, Loksabha)མཆོག་དང་མཇལ་འཕྲད་གནང་བཞིན་པ།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཟླ ༨ ཚེས ༢ ཉིན་གྱི་ཕྱི་དྲོར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ Constitution Club ནང་སྐོང་འཚོགས་གནང་བའི་སྟེང་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གི་ཞུ་དོན་དང་། ༢༠༡༥། ༨། ༡༡ ཉིན་ཚོགས་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྟེང་བཞག་པའི་གྲོས་ཆོད་རྣམས་ལ་གྲོས་བསྡུར་ཞིབ་ལྷུག་གིས་གྲོས་ཆོད་དོན་ཚན ༨ བཞག་ཡོད་པ་དེ་དང་། གཞན་ཡང་ཕྱི་ཚེས ༢༩ རྗེས་སུ་མཇལ་འཕྲད་གནང་བའི་དཔོན་རིགས་རྣམས་ཀྱི་དགོངས་ཚུལ་ལྟར་ན། རྒྱ་གར་དཔོན་རིགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་འདོད་དང་རླབས་ཆེན་བཀའ་སློབ་ལམ་སྟོན་ལ་གསན་འདོད་ཡོད་པ་མ་ཟད། བོད་མི་མང་གི་མངོན་འདོད་ཀྱི་བདག་པོ་སེམས་ཀྱི་གཙོ་འཛིན་༧གོང་ས་མཆོག་ཁོ་ན་ལས་གཞན་མེད་ཚུལ་གསལ་སྟོན་གནང་། དེ་བཞིན་ལོ་ལྟར་རྒྱ་གར་དབུས་གྲོས་ཚོགས་གོང་འོག་ཚོགས་ཐེངས་རིམ་པའི་སྐབས་གྲོས་ཚོགས་འཐུས་མི་གསར་རྙིང་གཉིས་ལ་བོད་མིའི་མངོན་འདོད་དང་། བོད་ནང་གི་གནས་བབ་གསལ་འཁོད་ཀྱི་གནས་ཚུལ་ཡིག་ངག་གཉིས་ནས་མཁོ་སྤྲོད་ཀྱིས་འཐུས་མི་གསར་རྙིང་གཉིས་ལ་མཇལ་འཕྲད་རིམ་བསྟུད་དུ་གནང་དགོས་པ། བོད་ཀྱི་ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐད་མཁས་པའི་བགྲོ་གླེང་ཆེད་སྐོང་གིས་བོད་ཀྱི་གནས་བབ་ཁྱོན་ཡོངས་རྒྱ་གར་མི་མང་དང་བོད་མི་ཚོར་ངོ་སྤྲོད་གནང་གལ། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་སྲིད་དོན་ཚོགས་པ་འདྲ་མིན་གྱི་འཐུས་མིས་གྲུབ་ཀྱང་བོད་ཀྱི་གནད་དོན་ཐད་ལྟ་སྟངས་གཅིག་གྱུར་ཡིན་པ་སོགས་ཀྱི་གནས་བབ་གསལ་བཟོ་གནང་བ། གཞན་ཡང་གནད་དོན་ཆེ་ཁག་ཐད་རྒྱབ་སྐྱོར་གསལ་བོ་དང་བརྟན་པོ་ཡོད་པའི་རྣམ་པ་བྱུང་བ་སོགས་ཀྱིས། མཇུག་ཏུ་ཚོགས་གཙོ་སྐུ་ཞབས་ཤཱན་ཏཱ་ཀུ་མར་མཆོག་གིས་ཀྱང་ད་བར་གནད་དོན་ཁག་གི་ཐད་གྲོས་བསྡུར་ཞིབ་ལྷུག་དང་། ལངས་ཕྱོགས་གསལ་བ་འདི་འདྲ་དེ་སྔ་མ་བྱུང་བའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲུབ།

རྒྱ་གར་བོད་དོན་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཚོགས་འདུ་འདི་རྒྱ་གར་དབུས་དང་མངའ་སྡེའི་བློན་ཆེན་ཟུར་པ། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤཱན་ཏཱ་ཀུ་མར་མཆོག་གིས་ཚོགས་གཙོ་གནང་བའི་སྐབས་ཚོགས་ཐེངས་གཉིས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས ༡༦ པས་མཉམ་ཞུགས་དང་མཐུན་འགྱུར་གནང་བའི་ཚོགས་འདུ་ཐེངས་དང་པོ་ཆགས་ཡོད་ལ། ཚོགས་འདུའི་སྟེང་རྒྱ་གར་སྲིད་དོན་ཚོགས་པ ༨ ཀྱི་འཐུས་མི་ ༡༧ དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་tདང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས། ལྡི་ལི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་འཇིགས་མེད་ལགས་དང་། འཕགས་བོད་འབྲེལ་མཐུད་ཆེད་གཉེར་ལས་བྱེད་བསྟན་འཛིན་དཔལ་འབྱོར་སོགས་ལས་བྱེད་ཡོངས་མཉམ་ཞུགས་གནང་འདུག
IMG_3652 IMG_3681 IMG_3646IMG_3694 IMG_3714 IMG_3722