༄༅། །སྤྱི་འཐུས་རྣམ་པས་་སུད་སིའི་རྒྱལ་ས་ Berne དུ་བོད་དོན་ཞུ་གཏུགས་གནང་་བ།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཉིན་སྤྱི་ལྷན་ཚོགས་གཞོན་དབུས་སྤྱི་འཐུས་་རྣམ་པ་བཞི་ Berne དུ་འབྱོར་ནས་སུད་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Tiana Moser (Green Liberal Party) དང་། སྐུ་ཞབས་ Martin Naf (Social Democratic Party) གཉིས་ནས་སུད་སིའི་གྲོས་ཚོགས་ཚོགས་ཁང་ནང་ཕེབས་བསུ་སྣེ་ལེན་གནང། ཁོང་རྣམ་གཉིས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་གནང་ཏེ་སྣེ་ལེན་གནང་འདུག pic berne1དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་གཉིས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུས་པ་དང་ཆབས་ཅིག་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་གཟིགས་ཞིབ་སླད་ཕེབས་གནང་ཡོང་བའི་མགྲོན་འབོད་ཀྱང་གནང་ཡོད་པ་རེད། རྗེས་ལོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་ཕཱ་རན་སིའི་ས་ཁུལ་ Strasbourg དུ་ཚོགས་རྒྱུའི་སྐབས་སུད་སི་གྲོས་ཚོགས་འཐུས་མི་གང་ཙམ་མཉམ་ཞུགས་གནང་རྒྱུའི་ཐོག་ལ་ཡང་བཀའ་བསྡུར་གནང་ཡོད་འདུག

ད་རེས་སུད་སི་གྲོས་ཚོགས་འཐུས་མི་མཉམ་མཇལ་འཕྲད་དང་སྦྲགས་ཚོགས་འདུ་གོ་སྒྲིག་གནང་མཁན་སུད་སིའི་བོད་མིའི་གྲོགས་པོ་ཚོགས་པ་ཞེས་པའི་ཚོགས་པ་ནས་གནང་བ་དང་། མཇལ་འཕྲད་དེ་སྐབས་སུད་སི་བོད་མིའི་གྲོགས་པོ་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ Ulrich Soltermann མཆོག་མཉམ་བཅར་ཡོད་འདུག

ད་རེས་སྤྱི་ལྷན་གྱི་ཞུ་གཏུག་ཚོགས་ཆུང་འདི་བཞིན་ཡུ་རོབ་ས་ཁུལ་ Estonia, Poland, Slovakia, Czech Republic, Austria and Switzerland བཅས་སུ་ཕེབས་ཏེ་མཐའ་མ་ Berne དུ་མཇུག་བསྒྲིལ་གནང་ཡོད་པ་རེད།