༄༅། །སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་མང་ཚོགས་ལ་འཚམས་གཟིགས་ཕེབས་འཆར།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་བོད་མིའི་གནས་ཡུལ་ཁག་ཏུ་འཚམས་གཟིགས་སུ་རིམ་ཕེབས་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༤ ནས་ ༢༠༡༦ ཟླ་ ༩ ཚེས་ ༡ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ཤིས་ལོངས་དང། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་། རྡི་རང་། ཏེཇ་སྤུར། རྡི་མ་སྤུར། ཀོ་ཧི་མ་བཅས་ཀྱི་བོད་མི་གནས་ཡུལ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དུ།