༄༅། །སྤྱི་ཟུར་ཉི་བཟང་ལགས་སྐུ་ཚེ་མ་ཟིན་པར་ཁོང་གི་ནང་མིར་སྤྱི་འཐུས་རྒྱུན་ལས་ཀྱི་ཐུགས་གསོ།

༄༅།  །མཚུངས་མེད་བོད་མི་མང་སྤྱི་ཟུར་འདས་པོ་ཉི་བཟང་མཆོག་གི་ནང་མི་ལྷན་རྒྱས་ལ།

ཆེད་འབུལ།  བོད་མི་མང་སྤྱི་འཐུས་ཟུར་པ་ཉི་བཟང་མཆོག་ཁ་ས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང།     ཁྱེད་ནང་མི་ལྷན་རྒྱས་དེ་བས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང།  འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་ཤིང།  འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང།  གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོང་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང།  ཁྱེད་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཕེབས་འདུག་པ་དེ་དོན་དགོངས་མངའ་ཞུ།                  ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ལ་

ཕུལ།།