༄༅། །རྒྱ་གར་མཐོ་སློབ་སློབ་ཕྲུག་གི་བོད་དང་བོད་མིར་ཐུགས་སྣང།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩའི་གོ་སྒྲིག་འོག་རྒྱ་གར་མཐོ་སློབ་སློབ་ཕྲུག་གྲངས་ ༣༠ ཙམ་བོད་དང་བོད་མིའི་གང་ཅིའི་གནས་ཚུལ་ཤེས་རྟོགས་འབྱུང་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཟླ་བ་གཅིག་རིང་འཁྲིད་འབྱོར་ཡོད་པ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༩།༣༠ ནས་ ཕྱི་དྲོ་ཚོུད་ ༡༢།༣༠ བར་སློབ་ཕྲུག་ཁོང་རྣམས་ལ་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།