༄༅། །བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་དང་སྦིར་སྡེ་ཁག་གསུམ་ལ་བརྒྱུད་སྤྲོད་གནང་བ།

ནོར་བུ་གླིང་ག་ནས་རྒྱུད་སྟོད་གྲྭ་ཚང་ལ་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།ནོར་བུ་གླིང་ག་ནས་རྒྱུད་སྟོད་གྲྭ་ཚང་ལ་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།རྒྱུད་སྟོད་གྲྭ་ཚང་ནས་ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།རྒྱུད་སྟོད་གྲྭ་ཚང་ནས་ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཁུལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ཡོད་པ་དང། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ཉིན་ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་གོ་པལ་པུར་གྱི་ཉེ་འདབས་སུ་ཡོད་པ་རྡོར་རྫོང་དགོན་པའི་དབུ་བླ་རྡོ་རྫོང་རིན་པོ་མཆོག་ལ་བརྒྱུད་སྤྲོད་གནང་བ་དང་། དེ་ནས་ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པར་བརྒྱུད་སྤྲོད་ཀྱིས་དེར་དགེ་ལས་སློབ་ཕྲུག་ ༥༠༠ ཙམ་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཛད་སྒོ་འཚུགས་པ་དང་ས་གནས་འགོ་འཛིན་མཆོག་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྐོར་ངོ་སྤྲོད་གནང་།
ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་རྡོར་རྫོང་དགོན་པ་ལ་བརྒྱུད་སྤྲོད་གནང་བ།ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་རྡོར་རྫོང་དགོན་པ་ལ་བརྒྱུད་སྤྲོད་གནང་བ།ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་རྡོར་རྫོང་དགོན་པ་ལ་བརྒྱུད་སྤྲོད་གནང་བ།ཅ་མུན་ཌ་སུད་ཚོང་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་རྡོར་རྫོང་དགོན་པ་ལ་བརྒྱུད་སྤྲོད་གནང་བ།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཞོགས་པ་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་དབུས་པས་སློབ་ཕྲུག་དགེ་ལས་གྲངས་ ༨༠ ཙམ་པཱ་ལམ་པུར་ཁྲོམ་གཞུང་དུ་ལེ་དབར་དྲུག་ (km.3)ཙམ་ཆར་ཞོད་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་མང་ཚོགས་ལ་བོད་ནང་གི་ཛ་དྲག་གི་གནས་བབ་སྐོར་ཧིནྡིའི་ནང་འཁོད་པའི་འགྲེམ་ཡིག་བཀྲམས། དེ་ནས་ཞོགས་པ་ཆུ་ཚོད་༡༡་༠༠ ཙམ་ལ་ SDM ལས་ཁུངས་ཀྱི་ཉེ་འགྲམ་པཱ་ལམ་པུར་མེས་པོ་དམ་པ་གནྡིའི་མདུན་ཐང་དུ་བཀྲིས་ལྗོངས་དང་། སྦིར་གཞིས་ཁག་གསུམ་གྱི་གཞིས་འགོ སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྐུ་ཚབ་བརྒྱ་སྐོར་དང་། དེ་ཁུལ་གྱི་དགོན་པ་གྲྭ་ཚང་ཁག་གི་སྐུ་ཚབ་བཅས་ཡོད་པའི་ཐོག་མཛད་སྒོ་འཚོགས་པ་དང་འབྲེལ་རྡ་ས་ས་གནས་འགོ་འཛིན་གྱི་ལག་ནས་བདེན་པའི་མེ་ལྕེ་དེ་བཞིན་བཀྲིས་ལྗོངས་ཀྱི་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་འདུག མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ཝིན་ཤཱར་མ་མཆོག་གི་དབུས་པས་པཱ་ལམ་པུར་བྷར་ཏི་ཡ་ཇན་ཏ་པར་ཊིའི་(Bhartiya Janta Party)ན་གཞོན་སྡེ་ཚོགས་ཀྱི་ཚོགས་གཙོ་དང། པཱ་ལམ་པུར་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ལ་སོགས་ཆིབས་བསྒྱུར་གནང་ཡོད་པ་དང།
རྡ་ས་ས་གནས་འགོ་འཛིན་ནས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་ཀྱི་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་།རྡ་ས་ས་གནས་འགོ་འཛིན་ནས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་ཀྱི་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་།ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ཝིན་ཤཱར་མ་མཆོགཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ཝིན་ཤཱར་མ་མཆོག
སྐུ་མགྲོན་གཙོ་བོ་མཆོག་གིས་གཏམ་བཤད་གནང་སྙིང་དུ། བོད་ནང་དུ་རྒྱ་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་ཡོད་གནས་དང། བོད་པའི་འཐབ་རྩོད་དེ་བདེན་པ་ཞིག་ཡིན་པར་བརྟེན་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་རྒྱབ་སྐྱོར་ཡོད་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་འཚེ་མེད་ཞི་བའི་ལམ་ཕྱོགས་སུ་བསྐྱོད་བཞིན་པ་དེར་རྒྱབ་སྐྱོར་ཆ་ཚང་ཡོད་གནས་གསུངས་པའི་རྗེས་ཁོང་ནས་ཐོག་མར་རྒྱབ་སྐྱོར་གྱི་མཚན་རྟགས་འགོད་གནང་མཛད། སྦིར་གཞིས་ཁག་གསུམ་དང་བཀྲིས་ལྗོངས་བཅས་ནས་སྐུ་མགྲོན་གཙོ་བོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་དྲན་རྟེན་ཕྱག་རྟགས་དང་གཞན་སྐུ་མགྲོན་རྣམ་པར་སྐུ་ཐང་རེ་འབུལ་བཞེས་གནང་། ཕྱི་ཚེས་ ༡ ནས་ ༧ བར་བཀྲིས་ལྗོངས་དང་། སྦིར་གཞིས་ཁག་གསུམ་སྟེ་སྦིར་བོད་ཚོགས་གཞིས་ལས་ཁང། སྦིར་སྡེ་དགེ་གཞིས་ལས་ཁང། སྦིར་ནང་ཆེན་གཞིས་ལས་ཁང་ཁྱབ་ཁོངས་དང་བཅས་པར་བོད་དོན་དྲིལ་བསྒྲགས་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་ཡིན་པ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢ ལ།།
བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་དང་སྦིར་སྡེ་ཁག་གསུམ་ལ་བརྒྱུད་སྤྲོད་གནང་བ།བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་དང་སྦིར་སྡེ་ཁག་གསུམ་ལ་བརྒྱུད་སྤྲོད་གནང་བ།