༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བརྗེ་ལེན་གནང་བ།

སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ།སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ།

 

༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཡུན་ལོ་གཅིག་རེ་ཡིན་པ་ལྟར། འཆར་ཅན་ཕྱི་ཟླ་ ༦ ཚེས་ ༡ ལ་རྒྱུན་ལས་གསར་རྙིང་བརྗེ་ལེན་གནང་དགོས་སྟབས།  དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱུན་ལས་ལྷན་ཚོགས་ཀྱིས་རྒྱུན་ལས་ལས་འཁྱུར་གནང་མཁན་རྣམ་པར་ཕེབས་སྐྱེལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་ཚོགས་གཙོ་མཆོག་གིས་རྒྱུན་ལས་ལས་འཁྱུར་གནང་མཁན་རྣམ་པས་ལས་རྒྱུན་རིང་སྤྱི་དོན་འཕྱར་གྲུ་མཉམ་འདེགས་གང་ལེགས་གནང་བྱུང་བའི་དགེ་མཚན་སྐོར་དང་། མ་འོངས་པར་སླར་ཡང་རྒྱུན་ལས་སུ་ཕེབས་ཏེ་ཕྱག་ལས་མཉམ་དུ་གནང་རྒྱུ་ཡོང་བའི་རེ་སྨོན། དེ་བཞིན་ད་དུང་སྤྱི་འཐུས་སྐབས་འདིའི་ལས་རྒྱུན་མང་བ་གནང་རྒྱུ་བསྡད་ཡོད་སྟབས་ཕྱག་ལས་མཉམ་རུབ་ཀྱིས་སྤྱི་དོན་གང་ཅིའི་ནུས་པ་འདོན་རྒྱུ་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་སུ་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་མི་གྲངས་ ༡༡ ཡོད་པ་རེད།

 

ད་ལམ་ས་སྐྱའི་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་ཚབ་ཏུ་སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་སུ་ངེས་ཡོོད་པ་ལྟར་ཕེབས་རྒྱུ་དང། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་ཚབ་ཏུ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས། དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱི་ཚབ་ཏུ་དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས།  མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱི་ཚབ་ཏུ་མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་ཚབ་ཏུ་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་རྒྱུན་ལས་ལྔ་གསར་དུ་ཕེབས་རྒྱུ་དང། དེ་མིན་ཚོགས་གཙོ་སྦྲེལ་པོས་དབུས་རྒྱུན་ལས་དྲུག་ད་ཡོད་རང་འཇགས་བཞུགས་རྒྱུ་ཡིན་པ་བཅས།    ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༡ ལ།།